རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །​གང་རླུང་གི་ཁམས་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །​གང་ནམ་མཁའི་ཁམས་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །​གང་རྣམ་པར་ཤེས་པའི་ཁམས་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །​གང་མ་རིག་པ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །​གང་འདུ་བྱེད་ཚད་མཆིས་པར་བགྱིད་པ་འམ་ཚད་མ་མཆིས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །​གང་རྣམ་པར་ཤེས་པ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །​གང་མྱིང་དང་གཟུགས་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །​གང་སྐྱེ་མཆེད་དྲུག་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །​གང་རེག་པ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །​གང་ཚོར་བ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །​གང་སྲེད་པ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97482#UT22084-014-001-97482