ཕྱིར་འོང་བའི་འབྲས་བུ་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །​ཕྱིར་མྱི་འོང་བའི་འབྲས་བུ་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །​དགྲ་བཅོམ་པ་ཉིད་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །​རང་བྱང་ཆུབ་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །​ལམ་གྱི་རྣམ་པ་ཤེས་པ་ཉིད་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །​བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །​ཞེས་བགྱི་བར་འདུ་ཤེས་སུ་གྱུར་པ་དང་། བཅོམ་ལྡན་འདས་གལ་ཏེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ལ་གསར་དུ་ཞུགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གཟུགས་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །​ཚོར་བ་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །​འདུ་ཤེས་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །​འདུ་བྱེད་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །​རྣམ་པར་ཤེས་པ་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། མྱིག་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །​རྣ་བ་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །སྣ་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །​ལྕེ་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །​ལུས་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །​ཡིད་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གཟུགས་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །​སྒྲ་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །​དྲི་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །​རོ་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །​རེག་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །​ཆོས་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97441#UT22084-014-001-97441