པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །​བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །​བཅོམ་ལྡན་འདས་རྣམ་གྲངས་དེས་ན་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་མོའོ། །​བཅོམ་ལྡན་འདས་གལ་ཏེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ལ་གསར་དུ་ཞུགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན། །​བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གཟུགས་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །​ཚོར་བ་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །​འདུ་ཤེས་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །​འདུ་བྱེད་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །​རྣམ་པར་ཤེས་པ་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། མྱིག་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །​རྣ་བ་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །​སྣ་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །​ལྕེ་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །​ལུས་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །​ཡིད་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གཟུགས་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །​སྒྲ་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །​དྲི་ཆེ་བར་མྱི་བྱེད་ཆུང་བར་མི་བྱེད་དོ། །​རོ་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །​རེག་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །​ཆོས་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། མྱིག་གི་རྣམ་པར་ཤེས་པ་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །​རྣ་བའི་རྣམ་པར་ཤེས་པ་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །​སྣའི་རྣམ་པར་ཤེས་པ་ཆེ་བར་མྱི་བྱེད་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97437#UT22084-014-001-97437