པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དམྱིགས་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཇིག་པ་མྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །​གསོལ་པ། བཅོམ་ལྡན་འདས་དེ་ལྟར་མངོན་པར་བསྒྲུབ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ཐོབ་པར་བགྱིད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་ལྟར་མངོན་པར་བསྒྲུབ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཆོས་གང་ཡང་ཐོབ་པར་མྱི་བྱེད་དེ། ནམ་ཆོས་གང་ཡང་ཐོབ་པར་མྱི་བྱེད་པ་དེའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གྲངས་སུ་འགྲོའོ། །​གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་ཐོབ་པར་མྱི་བགྱིད་པ་གང་ལགས། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མྱི་དགེ་བའི་ཆོས་རྣམས་ཐོབ་པར་མྱི་བྱེད་དོ། །​དགེ་བའི་ཆོས་རྣམས་ཐོབ་པར་མྱི་བྱེད་དོ། །​འཇིག་རྟེན་པའི་ཆོས་རྣམས་ཐོབ་པར་མྱི་བྱེད་དོ། །​འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཐོབ་པར་མྱི་བྱེད་དོ། །​ཟག་པ་དང་བཅས་པའི་ཆོས་རྣམས་ཐོབ་པར་མྱི་བྱེད་དོ། །​ཟག་པ་མྱེད་པའི་ཆོས་རྣམས་ཐོབ་པར་མྱི་བྱེད་དོ། །​ཁ་ན་མ་ཐོ་བ་དང་བཅས་པའི་ཆོས་རྣམས་ཐོབ་པར་མྱི་བྱེད་དོ། །​ཁ་ན་མ་ཐོ་བ་མྱེད་པའི་ཆོས་རྣམས་ཐོབ་པར་མྱི་བྱེད་དོ། །​འདུས་བྱས་ཀྱི་ཆོས་རྣམས་ཐོབ་པར་མྱི་བྱེད་དོ། །​འདུས་མ་བྱས་ཀྱི་ཆོས་རྣམས་ཐོབ་པར་མྱི་བྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཆོས་གང་གི་ཕྱིར་ཡང་དམྱིགས་པའི་ཚུལ་གྱིས། ཉེ་བར་མི་གནས་ཏེ། དེའི་ཕྱིར་ཆོས་གང་ཡང་ཐོབ་པར་བྱེད་པ་མ་ཡིན་ནོ། །​དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་ཅི་ལགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་མྱི་བགྱིད་དམ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་གང་དེ་སྐད་དུ་ཅི་ལགས།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97387#UT22084-014-001-97387