གང་ཇི་སྙེད་ཅིག་མངོན་པར་འདུ་མཛད་པར་གྱུར་པ་དང་། མངོན་པར་འདུ་མཛད་པ་དང་། མངོན་པར་འདུ་མཛད་པར་འགྱུར་བ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་བསྒོམས་ཏེ། དགེ་བའི་རྩ་བ་གང་ཇི་སྙེད་ཅིག་མངོན་པར་འདུ་མཛད་པར་གྱུར་བ་དང་། མངོན་པར་འདུ་མཛད་པ་དང་། མངོན་པར་འདུ་མཛད་པར་འགྱུར་བ་དང་། མྱི་འཇིགས་པ་བཞི་ལ་བསྒོམས་ཏེ། དགེ་བའི་རྩ་བ་གང་ཇི་སྙེད་ཅིག་མངོན་པར་འདུ་མཛད་པར་གྱུར་པ་དང་། མངོན་པར་འདུ་མཛད་པ་དང་། མངོན་པར་འདུ་མཛད་པར་འགྱུར་བ་དང་། སོ་སོ་ཡང་དག་པར་རིག་པ་བཞི་ལ་བསྒོམས་ཏེ། དགེ་བའི་རྩེ་བ་གང་ཇི་སྙེད་ཅིག་མངོན་པར་འདུ་མཛད་པར་གྱུར་པ་དང་། མངོན་པར་འདུ་མཛད་པ་དང་། མངོན་པར་འདུ་མཛད་པར་འགྱུར་བ་དང་། སྙིང་རྗེ་ཆེན་པོ་ལ་བསྒོམས་ཏེ། དགེ་བའི་རྩ་བ་གང་ཇི་སྙེད་ཅིག་མངོན་པར་འདུ་མཛད་པར་གྱུར་པ་དང་། མངོན་པར་འདུ་མཛད་པ་དང་། མངོན་པར་འདུ་མཛད་པར་འགྱུར་བ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་བསྒོམས་ཏེ། དགེ་བའི་རྩ་བ་གང་ཇི་སྙེད་ཅིག་མངོན་པར་འདུ་མཛད་པར་གྱུར་པ་དང་། མངོན་པར་འདུ་མཛད་པ་དང་། མངོན་པར་འདུ་མཛད་པར་འགྱུར་བ་དང་། དགེ་བའི་རྩ་བ་མངོན་པར་འདུ་མཛད་པ་གང་དག་གིས་སངས་རྒྱས་ཀྱི་ཞིང་མང་པོ་ཡོངས་སུ་དག་པར་གྱུར་པ་དང་། ཡོངས་སུ་དག་པ་དང་། ཡོངས་སུ་དག་པར་འགྱུར་བ་དང་། སེམས་ཅན་མང་པོ་ཡོངས་སུ་སྨིན་པར་མཛད་པར་གྱུར་པ་དང་། ཡོངས་སུ་སྨིན་པར་མཛད་པ་དང་། ཡོངས་སུ་སྨིན་པར་མཛད་པར་འགྱུར་བ་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་དང་མྱི་ཉམ་པའི་ཆོས་ཉིད་དང་། རྟག་ཏུ་བཏང་སྙོམས་སུ་གནས་པ་དང་། ཉན་ཐོས་དེ་དག་གི་དགེ་བའི་རྩ་བ་ཟག་པ་མྱེད་པ་རྣམས་དང་། གང་གིས་དེར་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97264#UT22084-014-001-97264