ལྡན་ལ་ཡི་གེ་དང་ལྡན་པར་བསྟན་པར་བྱ་སྟེ། ཀཽ་ཤི་ཀ་དེ་ལྟར་སྟོན་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ནི། བསོད་ནམས་ཀྱི་ཕུང་པོ་ཚད་མྱེད་གྲངས་མྱེད་པ་དང་ལྡན་པར་འགྱུར་རོ། །​ཀཽ་ཤི་ཀ་གལ་ཏེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལས། ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མྱེད་གྲངས་མེད་པ་དག་ལ་ནམ་འཚོའི་བར་དུ་མྱེ་ཏོག་དང་། ཕྲེང་བ་དང་སྤོས་དང་། བྱུག་པ་དང་ཕྱེ་མ་དང་། ན་བཟའ་དང་གདུགས་དང་། རྒྱལ་མཚན་དང་བ་དན་དང་། སིལ་སྙན་རྣམ་པ་སྣ་ཚོགས་དང་། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་བ་དང་བཀུར་སྟིར་བྱས་པ་དང་། ཕུ་དུད་དུ་བྱས་པ་དང་མཆོད་པ་བྱས་པ་བས། ཀཽ་ཤི་ཀ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་རྒྱ་ཆེར་དོན་དང་ལྡན་ཡི་གེ་དང་ལྡན་པར་རྣམ་གྲངས་དུ་མར་བརྗོད་དེ་བསྟན་པ་དང་། བཤད་དེ་བཀྲོལ་ཞིང་རྣམ་པར་ཕྱེ་སྟེ་གསལ་བ་དང་། ཡང་དག་པར་བསྟན་པ་བྱས་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་འདི་ནི་ཆེས་མང་དུ་འཕེལ་ལོ། །​དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབས་ཏེ་འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །​མངོན་པར་རྫོགས་པར་འཚང་རྒྱའོ། །​མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །​ཀཽ་ཤི་ཀ་གལ་ཏེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལས། ལྷོ་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མྱེད་གྲངས་མྱེད་པ་དག་ལ་ནམ་འཚོའི་བར་དུ་མྱེ་ཏོག་དང་། ཕྲེང་བ་དང་སྤོས་དང་། བྱུག་པ་དང་ཕྱེ་མ་དང་། ན་བཟའ་དང་གདུགས་དང་། རྒྱལ་མཚན་དང་བ་དན་དང་། སིལ་སྙན་སྣ་ཚོགས་དང་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས། རིམ་གྲོར་བྱས་པ་དང་། བཀུར་སྟིར་བྱས་པ་དང་ཕུ་དུད་དུ་བྱས་པ་དང་མཆོད་པ་བྱས་པ་བས། ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་རྒྱ་ཆེར་དོན་དང་ལྡན་ཡི་གེ་དང་ལྡན་པར་རྣམ་གྲངས་དུ་མར་བརྗོད་དེ་བསྟན་པ་དང་། བཤད་དེ་བཀྲོལ་ཞིང་རྣམ་པར་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97050#UT22084-014-001-97050