གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོས་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །​སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །​བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །​བྱེ་བའི་ཆར་ཡང་ཉེ་བར་མྱི་འགྲོའོ། །​བྱེ་བ་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །​བྱེ་བ་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །​བྱེ་བ་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །​བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །​གྲངས་སུ་ཡང་ཉེ་བར་མྱི་འགྲོའོ། །​ཆར་ཡང་ཉེ་བར་མྱི་འགྲོའོ། །​བགྲང་བར་ཡང་ཉེ་བར་མྱི་འགྲོའོ། །​དཔེར་ཡང་མྱི་འགྲོའོ། །​རྒྱུར་ཡང་མྱི་བཟོད་དོ། །​དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་ཉན་ཐོས་དང་། རང་སངས་རྒྱས་ཀྱིས་ལས། སེམས་རྣམ་པར་གྲོལ་ཡང་ཆོས་གང་ཡང་ཡོངས་སུ་ཤེས་པ་མྱེད་དོ། །​ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་ལ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་དེ་ལ་རིམ་གྲོར་བྱེད་པ་དང་། བཀུར་བསྟིར་བྱེད་པ་དང་། ཕུ་དུད་དུ་བྱེད་པ་དང་། མཆོད་པར་བྱེད་པ་དེ་དག་ཚེ་འདི་ཉིད་དང་། ཚེ་རབས་ཕྱི་མ་ལ་ཡོན་ཏན་དེ་དག་རྣམ་པ་དེ་བཞིན་དུ་ཐོབ་པར་ངས་བཤད་དོ། །​བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བར་བགྱིད་པ་དང་། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་འདི་བྲིས་ཤིང་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-99235#UT22084-014-001-99235