པ་ཟབ་མོ་འདི་འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བྱེད་པ་དང་། ཁ་ཏོན་དུ་བྱེད་ཅིང་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ཞིག་འཐབ་པའི་ནང་ན་འདུག་ཅིང་གཡུལ་ངོར་ཆས་པའི་ཚེ། དེར་གལ་ཏེ་རིགས་ཀྱི་བུ་འམ་རིགས་བུ་མོ་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཁ་ཏོན་དུ་བྱས་ནས་སོང་སྟེ་འདུག་ན། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་འཕམ་པར་མྱི་འགྱུར་ཏེ། གདོན་མྱི་ཟ་བར་རྒྱལ་བར་འགྱུར་རོ། །​རྒྱལ་ནས་མ་སྨས་མ་ཉམས་པར་ཐབ་མོ་དེ་ལས་འཐར་བར་འགྱུར་ཏེ། ཀཽ་ཤི་ཀ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཁ་ཏོན་དུ་བྱེད་ཅིང་། གཡུལ་དེར་སོང་སོང་བ་ལས་སྲོག་གི་བར་ཆད་དུ་འགྱུར་བ་ནི་མྱི་སྲིད་དེ། གནས་མྱེད་སྐབས་མྱེད་དོ། །​གལ་ཏེ་དེའི་ལུས་ལ། ལ་ལ་ཞིག་གིས་མདས་འཕངས་སམ། མཚོན་གྱིས་བཏབ་ན་ལུས་ལ་ཕོག་ཅིང་འཛུག་པར་མྱི་འགྱུར་རོ། །​དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེས་ཡུན་རིང་པོར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་འདི་ཉིད་ལ་བརྟེན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསྒོམས་ཏེ། བདག་གི་འདོད་ཆགས་ཀྱི་མཚོན་དང་། འདོད་ཆགས་ཀྱི་མདའ་ཡང་བཅོམ། གཞན་གྱི་འདོད་ཆགས་ཀྱི་མཚོན་དང་། འདོད་ཆགས་ཀྱི་མདའ་ཡང་བཅོམ། བདག་གི་ཞེ་སྡང་གི་མཚོན་དང་། ཞེ་སྡང་གི་མདའ་ཡང་བཅོམ། གཞན་གྱི་ཞེ་སྡང་གི་མཚོན་དང་། ཞེ་སྡང་གི་མདའ་ཡང་བཅོམ། བདག་གི་གཏི་མུག་གི་མཚོན་དང་། གཏི་མུག་གི་མདའ་ཡང་བཅོམ། གཞན་གྱི་གཏི་མུག་གི་མཚོན་དང་། གཏི་མུག་གི་མདའ་ཡང་བཅོམ། བདག་གི་ལྟ་བའི་རྣམ་པའི་མཚོན་དང་། མདའ་ཡང་བཅོམ། གཞན་གྱི་ལྟ་བའི་རྣམ་པའི་མཚོན་དང་། མདའ་ཡང་བཅོམ། བདག་གི་ཀུན་ནས་ལྡང་བའི་མཚོན་དང་། མདའ་ཡང་བཅོམ། གཞན་གྱི་ཀུན་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-99229#UT22084-014-001-99229