སྙམ་དུ་འདི་ལྟར་བདག་གིས་སོ་སོ་ཡང་དག་པར་རིག་པ་བཞི་བསྒོམ་པར་བྱའོ་སྙམ་ན་ཡང་དེ་བདག་ཏུ་བགྱི་བ་ལ་མངོན་པར་ཆགས་པས་ང་རྒྱལ་དུ་འགྱུར་རོ། །​དེ་འདི་སྙམ་དུ་འདི་ལྟར་བདག་གིས་སྙིང་རྗེ་ཆེན་པོ་བསྒོམ་པར་བྱའོ་སྙམ་ན་ཡང་དེ་བདག་ཏུ་བགྱི་བ་ལ་མངོན་པར་ཆགས་པས་ང་རྒྱལ་དུ་འགྱུར་རོ། །​དེ་འདི་སྙམ་དུ་འདི་ལྟར་བདག་གིས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་བསྒོམ་པར་བྱའོ་སྙམ་ན་ཡང་དེ་བདག་ཏུ་བགྱི་བ་ལ་མངོན་པར་ཆགས་པས་ང་རྒྱལ་དུ་འགྱུར་རོ། །​དེ་འདི་སྙམ་དུ་འདི་ལྟར་བདག་གིས་སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བྱའོ་སྙམ་ན་ཡང་དེ་བདག་ཏུ་བགྱི་བ་ལ་མངོན་པར་ཆགས་པས་ང་རྒྱལ་དུ་འགྱུར་རོ། །​དེ་འདི་སྙམ་དུ་འདི་ལྟར་བདག་གིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ་སྙམ་ན་ཡང་དེ་བདག་ཏུ་བགྱི་བ་ལ་མངོན་པར་ཆགས་པས་ང་རྒྱལ་དུ་འགྱུར་རོ། །​དེ་འདི་སྙམ་དུ་འདི་ལྟར་བདག་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱའོ། །​སྙམ་ན་ཡང་དེ་བདག་ཏུ་བགྱི་བ་ལ་མངོན་པར་ཆགས་པས་ང་རྒྱལ་དུ་འགྱུར་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་འཇིག་རྟེན་པའི་ཆོས་རྣམས་ལ་སྤྱོད་པའི་ཚེ། བདག་ཏུ་བགྱི་བ་ལ་མངོན་པར་ཆགས་པས་ང་རྒྱལ་དུ་འགྱུར་ཏེ། དེ་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འདུལ་བ་དང་ང་རྒྱལ་མ་མཆིས་པའི་སླད་དུ་ཉེ་བར་གནས་སོ། །​བཅོམ་ལྡན་འདས་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་ལས་འདས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་སླད་དུ། སྦྱིན་པ་ཡང་མྱི་དམྱིགས། གཏོང་བ་ཡང་མྱི་དམྱིགས། ལེན་པ་ཡང་མྱི་དམྱིགས་ཏེ། བཅོམ་ལྡན་འདས་དེ་ལྟར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96733#UT22084-014-001-96733