སྙོམས་པར་འཇུག་པ་རྣམས་སྒོམ་མོ་སྙམ་ན་ཡང་དེ་བདག་ཏུ་བགྱི་བ་ལ་མངོན་པར་ཆགས་པས་ང་རྒྱལ་དུ་འགྱུར་རོ། །​རྣམ་པར་ཐར་པ་རྣམས་སྒོམ་པའི་ཚེ། འདི་སྙམ་དུ་འདི་ལྟར་བདག་ནི་རྣམ་པར་ཐར་པ་རྣམས་སྒོམ་མོ་སྙམ་ན་ཡང་དེ་བདག་ཏུ་བགྱི་བ་ལ་མངོན་པར་ཆགས་པས་ང་རྒྱལ་དུ་འགྱུར་རོ། །​མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སྒོམ་པའི་ཚེ་འདི་སྙམ་དུ་འདི་ལྟར་བདག་ནི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སྒོམ་མོ་སྙམ་ན་ཡང་དེ་བདག་ཏུ་བགྱི་བ་ལ་མངོན་པར་ཆགས་པས་ང་རྒྱལ་དུ་འགྱུར་རོ། །​རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་སྒོམ་པའི་ཚེ། འདི་སྙམ་དུ་འདི་ལྟར་བདག་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་སྒོམ་མོ་སྙམ་ན་ཡང་དེ་བདག་ཏུ་བགྱི་བ་ལ་མངོན་པར་ཆགས་པས་ང་རྒྱལ་དུ་འགྱུར་རོ། །​མངོན་པར་ཤེས་པ་རྣམས་སྒོམ་པའི་ཚེ། འདི་སྙམ་དུ་འདི་ལྟར་བདག་ནི་མངོན་པར་ཤེས་པ་རྣམས་སྒོམ་མོ་སྙམ་ན་ཡང་དེ་བདག་ཏུ་བགྱི་བ་ལ་མངོན་པར་ཆགས་པས་ང་རྒྱལ་དུ་འགྱུར་རོ། །​ཏིང་ངེ་འཛིན་རྣམས་སྒོམ་པའི་ཚེ། འདི་སྙམ་དུ་འདི་ལྟར་བདག་ནི་ཏིང་ངེ་འཛིན་རྣམས་སྒོམ་མོ། །​སྙམ་ན་ཡང་དེ་བདག་ཏུ་བགྱི་བ་ལ་མངོན་པར་ཆགས་པས་ང་རྒྱལ་དུ་འགྱུར་རོ། །​དེ་འདི་སྙམ་དུ་འདི་ལྟར་བདག་གིས་གཟུངས་ཐམས་ཅད་ཐོབ་པར་བྱའོ་སྙམ་ན་ཡང་དེ་བདག་ཏུ་བགྱི་བ་ལ་མངོན་པར་ཆགས་པས་ང་རྒྱལ་དུ་འགྱུར་རོ། །​དེ་འདི་སྙམ་དུ་འདི་ལྟར་བདག་གིས་དེ་བཞིན་གཤེགས་པའི་སྟོབས་བཅུ་བསྒོམ་པར་བྱའོ་སྙམ་ན་ཡང་དེ་བདག་ཏུ་བགྱི་བ་ལ་མངོན་པར་ཆགས་པས་ང་རྒྱལ་དུ་འགྱུར་རོ། །​དེ་འདི་སྙམ་དུ་འདི་ལྟར་བདག་གིས་མྱི་འཇིགས་པ་བཞི་བསྒོམ་པར་བྱའོ་སྙམ་ན་ཡང་དེ་བདག་ཏུ་བགྱི་བ་ལ་མངོན་པར་ཆགས་པས་ང་རྒྱལ་དུ་འགྱུར་རོ། །​དེ་འདི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96732#UT22084-014-001-96732