ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་བདག་ཅག་གིས་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མོས་ཤིང་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་ཅིང་། གཞན་ལ་འང་རྒྱ་ཆེར་སྟོན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡིད་ལ་བགྱི་བ་དང་། མྱི་འབྲལ་བ་དེ་དག་ལ་རྟག་ཏུ་རྒྱུན་མྱི་འཆད་པར་བསྲུང་བ་དང་། བསྐྱང་བ་དང་། བསྐྱབ་པར་བགྱིའོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཆིས་ན། སེམས་ཅན་དམྱལ་བ་རྣམས་ཀྱང་རྒྱུན་ཆད་པར་འགྱུར། བྱོལ་སོང་གི་སྐྱེ་གནས་རྣམས་ཀྱང་རྒྱུན་ཆད་པར་འགྱུར། གཤིན་རྗེའི་འཇིག་རྟེན་རྣམས་ཀྱང་རྒྱུན་ཆད་པར་འགྱུར། ལྷ་ལས་ཕོངས་པ་རྣམས་ཀྱང་རྒྱུན་ཆད་པར་འགྱུར། མྱི་ལས་དབུལ་བ་རྣམས་ཀྱང་རྒྱུན་ཆད་པར་འགྱུར། ནད་དང་གནོད་པ་དང་། འགོ་བའི་ནད་ཐམས་ཅད་ཀྱང་རྒྱུན་འཆད་ཅིང་འཇིག་པ་དང་། མ་མཆིས་པར་འགྱུར། མུ་གེའི་ཞུགས་ངམ་ཐམས་ཅད་ཀྱང་རྒྱུན་ཆད་པར་འགྱུར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཆིས་ན། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར། བསམ་གཏན་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར། ཚད་མྱེད་པ་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར། མངོན་པར་ཤེས་པ་ལྔ་འཇིག་རྟེན་དུ་འབྱུང་བར་འགྱུར། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིནད་པ་འཇིག་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96686#UT22084-014-001-96686