ནང་སྟོང་པ་ཉིད་དེ་མྱི་དམྱིགས་པའི་ཚུལ་གྱིས་ཤིན་ཏུ་བསྒོམས་སོ། །​སྟོང་པ་ཉིད་སྟོང་པ་ཉིད་དེ་མྱི་དམྱིགས་པའི་ཚུལ་གྱིས་ཤིན་ཏུ་བསྒོམས་སོ། །​ཆེན་པོ་སྟོང་པ་ཉིད་དེ་མྱི་དམྱིགས་པའི་ཚུལ་གྱིས་ཤིན་ཏུ་བསྒོམས་སོ། །​དོན་དམ་པ་སྟོང་པ་ཉིད་དེ་མྱི་དམྱིགས་པའི་ཚུལ་གྱིས་ཤིན་ཏུ་བསྒོམས་སོ། །​འདུས་བྱས་སྟོང་པ་ཉིད་དེ་མྱི་དམྱིགས་པའི་ཚུལ་གྱིས་ཤིན་ཏུ་བསྒོམས་སོ། །​འདུས་མ་བྱས་སྟོང་པ་ཉིད་དེ་མྱི་དམྱིགས་པའི་ཚུལ་གྱིས་ཤིན་ཏུ་བསྒོམས་སོ། །​མཐའ་ལས་འདས་པ་སྟོང་པ་ཉིད་དེ་མི་དམིགས་པའི་ཚུལ་གྱིས་ཤིན་ཏུ་བསྒོམས་སོ། །​ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དེ་མྱི་དམྱིགས་པའི་ཚུལ་གྱིས་ཤིན་ཏུ་བསྒོམས་སོ། །​དོར་བ་མྱེད་པ་སྟོང་པ་ཉིད་དེ་མྱི་དམྱིགས་པའི་ཚུལ་གྱིས་ཤིན་ཏུ་བསྒོམས་སོ། །​རང་བཞིན་སྟོང་པ་ཉིད་དེ་མྱི་དམྱིགས་པའི་ཚུལ་གྱིས་ཤིན་ཏུ་བསྒོམས་སོ། །​ཆོས་ཐམས་ཅད་སྟོང་པ་ཉིད་དེ་མྱི་དམྱིགས་པའི་ཚུལ་གྱིས་ཤིན་ཏུ་བསྒོམས་སོ། །​རང་གི་མཚན་ཉིད་སྟོང་པ་ཉིད་དེ་མྱི་དམྱིགས་པའི་ཚུལ་གྱིས་ཤིན་ཏུ་བསྒོམས་སོ། །​མྱི་དམྱིགས་པ་སྟོང་པ་ཉིད་དེ་མྱི་དམྱིགས་པའི་ཚུལ་གྱིས་ཤིན་ཏུ་བསྒོམས་སོ། །​དངོས་པོ་མྱེད་པ་སྟོང་པ་ཉིད་དེ་མྱི་དམྱིགས་པའི་ཚུལ་གྱིས་ཤིན་ཏུ་བསྒོམས་སོ། །​ངོ་བོ་ཉིད་སྟོང་པ་ཉིད་དེ་མྱི་དམྱིགས་པའི་ཚུལ་གྱིས་ཤིན་ཏུ་བསྒོམས་སོ། །​དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ་མྱི་དམྱིགས་པའི་ཚུལ་གྱིས་ཤིན་ཏུ་བསྒོམས་སོ། །​དེ་ནས་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དང་། སུམ་ཅུ་རྩ་གསུམ་གྱི་ལྷ་དང་། མཚེ་མའི་ལྷ་དང་། དགའ་ལྡན་གྱི་ལྷ་དང་། འཕྲུལ་དགའི་ལྷ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་དང་། ཚངས་རིས་ཀྱི་ལྷ་དང་། ཀུན་སྣང་དང་བའི་ལྷ་དང་། དགེ་རྒྱས་ཀྱི་ལྷ་དང་། འབྲས་བུ་ཆེ་བའི་ལྷ་དང་། གནས་གཙང་མའི་རིས་ཀྱི་ལྷ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96685#UT22084-014-001-96685