བྱམས་པའི་དཔག་པ་ཡང་དམྱིགས་སུ་མྱེད་དེ། ནམ་མཁའ་དཔག་ཏུ་མྱེད་པའི་ཕྱིར། བྱམས་པ་དཔག་ཏུ་མྱེད་དོ། །​བྱམས་པ་དཔག་ཏུ་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དཔག་ཏུ་མྱེད་དོ། །​ཀཽ་ཤི་ཀ་སྙིང་རྗེ་དཔག་ཏུ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དཔག་ཏུ་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་སྙིང་རྗེའི་དཔག་པ་ནི་དམྱིགས་སུ་མྱེད་དོ། །​ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའ་དཔག་པ་ནི་དམྱིགས་སུ་མྱེད་དོ། །​ཀཽ་ཤི་ཀ་དེ་བཞིན་དུ་སྙིང་རྗེའི་དཔག་པ་ཡང་དམྱིགས་སུ་མྱེད་དེ། ནམ་མཁའ་དཔག་ཏུ་མེད་པའི་ཕྱིར་སྙིང་རྗེ་དཔག་ཏུ་མྱེད་དོ། །​སྙིང་རྗེ་དཔག་ཏུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དཔག་ཏུ་མྱེད་དོ། །​ཀཽ་ཤི་ཀ་དགའ་བ་དཔག་ཏུ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དཔག་ཏུ་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་དགའ་བའི་དཔག་པ་ནི་དམྱིགས་སུ་མྱེད་དོ། །​ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའ་དཔག་པ་ནི་དམྱིགས་སུ་མྱེད་དོ། །​ཀཽ་ཤི་ཀ་དེ་བཞིན་དུ་དགའ་བའི་དཔག་པ་ཡང་དམྱིགས་སུ་མྱེད་དེ། ནམ་མཁའ་དཔག་ཏུ་མེད་པའི་ཕྱིར་དགའ་བ་དཔག་ཏུ་མྱེད་དོ། །​དགའ་བ་དཔག་ཏུ་མྱེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དཔག་ཏུ་མེད་དོ། །​ཀཽ་ཤི་ཀ་བཏང་སྙོམས་དཔག་ཏུ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དཔག་ཏུ་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་བཏང་སྙོམས་ཀྱི་དཔག་པ་ནི་དམྱིགས་སུ་མྱེད་དོ། །​ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའ་དཔག་པ་ནི་དམྱིགས་སུ་མྱེད་དོ། །​ཀཽ་ཤི་ཀ་དེ་བཞིན་དུ་བཏང་སྙོམས་ཀྱི་དཔག་པ་ཡང་དམྱིགས་སུ་མྱེད་དེ། ནམ་མཁའ་དཔག་ཏུ་མྱེད་པའི་ཕྱིར། བཏང་སྙོམས་དཔག་ཏུ་མྱེད་དོ། །​བཏང་སྙོམས་དཔག་ཏུ་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དཔག་ཏུ་མྱེད་དོ། །​ཀཽ་ཤི་ཀ་གཟུགས་མྱེད་པའི་སྙོམས་པར་འཇུག་པ་དཔག་ཏུ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96635#UT22084-014-001-96635