ཀཽ་ཤི་ཀ་དེ་བཞིན་དུ་འཕགས་པའི་ལམ་ཡན་ལག་བརྒྱད་པའི་དཔག་པ་ཡང་དམྱིགས་སུ་མྱེད་དེ། ནམ་མཁའ་དཔག་ཏུ་མྱེད་པའི་ཕྱིར། འཕགས་པའི་ལམ་ཡན་ལག་བརྒྱད་པ་དཔག་ཏུ་མེད་དོ། །​འཕག་པའི་ལམ་ཡན་ལག་བརྒྱད་པ་དཔག་ཏུ་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དཔག་ཏུ་མྱེད་དོ། །​ཀཽ་ཤི་ཀ་འཕགས་པའི་བདེན་པ་དཔག་ཏུ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དཔག་ཏུ་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། །​ཀཽ་ཤི་ཀ་དེ་ནི་འདི་ལྟར་འཕགས་པའི་བདེན་པ་རྣམས་ཀྱི་དཔག་པ་ནི་དམྱིགས་སུ་མྱེད་དོ། །​ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའ་དཔག་པ་ནི་དམིགས་སུ་མྱེད་དོ། །​ཀཽ་ཤི་ཀ་དེ་བཞིན་དུ་འཕགས་པའི་བདེན་པ་རྣམས་ཀྱི་དཔག་པ་ཡང་དམྱིགས་སུ་མྱེད་དེ། ནམ་མཁའ་དཔག་ཏུ་མེད་པའི་ཕྱིར། འཕགས་པའི་བདེན་པ་དཔག་ཏུ་མེད་དོ། །​འཕགས་པའི་བདེན་པ་དཔག་ཏུ་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དཔག་ཏུ་མྱེད་དོ། །​ཀཽ་ཤི་ཀ་བསམ་གཏན་དཔག་ཏུ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དཔག་ཏུ་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་བསམ་གཏན་རྣམས་ཀྱི་དཔག་པ་ནི་དམྱིགས་སུ་མྱེད་དོ། །​ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའ་དཔག་པ་ནི་དམྱིགས་སུ་མྱེད་དོ། །​ཀཽ་ཤི་ཀ་དེ་བཞིན་དུ་བསམ་གཏན་རྣམས་ཀྱི་དཔག་པ་ཡང་དམྱིགས་སུ་མྱེད་དེ། ནམ་མཁའ་དཔག་ཏུ་མྱེད་པའི་ཕྱིར། བསམ་གཏན་དཔག་ཏུ་མྱེད་དོ། །​བསམ་གཏན་དཔག་ཏུ་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དཔག་ཏུ་མྱེད་དོ། །​ཀཽ་ཤི་ཀ་བྱམས་པ་དཔག་ཏུ་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དཔག་ཏུ་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་བྱམས་པའི་དཔག་པ་ནི་དམྱིགས་སུ་མྱེད་དོ། །​ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའ་དཔག་པ་ནི་དམྱིགས་སུ་མྱེད་དོ། །​ཀཽ་ཤི་ཀ་དེ་བཞིན་དུ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96634#UT22084-014-001-96634