སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཐམས་ཅད་ཤེས་པ་ཉིད་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །​ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །​ཀཽ་ཤི་ཀ་དེ་བཞིན་དུ་ཐམས་ཅད་ཤེས་པ་ཉིད་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། ཐམས་ཅད་ཤེས་པ་ཉིད་ཚད་མྱེད་དོ། །​ཐམས་ཅད་ཤེས་པ་ཉིད་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །​ཀཽ་ཤི་ཀ་ལམ་གྱི་རྣམ་པ་ཤེས་པ་ཉིད་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །​ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །​ཀཽ་ཤི་ཀ་དེ་བཞིན་དུ་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མེད་པའི་ཕྱིར། ལམ་གྱི་རྣམ་པ་ཤེས་པ་ཉིད་ཚད་མྱེད་དོ། །​ལམ་གྱི་རྣམ་པ་ཤེས་པ་ཉིད་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །​ཀཽ་ཤི་ཀ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །​ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །​ཀཽ་ཤི་ཀ་དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཚད་མྱེད་དོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96604#UT22084-014-001-96604