སོ་ཡང་དག་པར་རིག་པ་རྣམས་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །​ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །​ཀཽ་ཤི་ཀ་དེ་བཞིན་དུ་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། སོ་སོ་ཡང་དག་པར་རིག་པ་ཚད་མྱེད་དོ། །​སོ་སོ་ཡང་དག་པར་རིག་པ་ཚད་མྱེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །​ཀཽ་ཤི་ཀ་སྙིང་རྗེ་ཆེན་པོ་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་སྙིང་རྗེ་ཆེན་པོའི་ཚད་ནི་དམྱིགས་སུ་མྱེད་དོ། །​ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །​ཀཽ་ཤི་ཀ་དེ་བཞིན་དུ་སྙིང་རྗེ་ཆེན་པོའི་ཚད་ཀྱང་དམྱིགས་སུ་མྱེད་དེ། ནམ་མཁའ་ཚད་མྱེད་པའི་ཕྱིར། སྙིང་རྗེ་ཆེན་པོ་ཚད་མྱེད་དོ། །​སྙིང་རྗེ་ཆེན་པོ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །​ཀཽ་ཤི་ཀ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་ཚད་ནི་དམྱིགས་སུ་མྱེད་དོ། །​ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམྱིགས་སུ་མྱེད་དོ། །​ཀཽ་ཤི་ཀ་དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་ཚད་ཀྱང་དམྱིགས་སུ་མྱེད་དེ། །​ནམ་མཁའ་ཚད་མྱེད་པའི་ཕྱིར། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཚད་མྱེད་དོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །​ཀཽ་ཤི་ཀ་ཐམས་ཅད་ཤེས་པ་ཉིད་ཚད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96603#UT22084-014-001-96603