ཀྱི་ཕ་རོལ་ཏུ་ཕྱིན་པའོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཐའ་ཡས་པ་སྟེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །​དེ་ལ་བསླབས་ཤིང་རྒྱུན་ཏུ་ཞུགས་པ་རྣམས་ཀྱིས་ནི། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་བོ། །​འཐོབ་བོ། །​ཐོབ་པར་འགྱུར་རོ། །​ལན་ཅིག་ཕྱིར་འོང་བ་རྣམས་ཀྱིས་ནི། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་བོ། །​འཐོབ་བོ། །​ཐོབ་པར་འགྱུར་རོ། །​ཕྱིར་མྱི་འོང་བ་རྣམས་ཀྱིས་ནི། ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་བོ། །​འཐོབ་བོ། །​ཐོབ་པར་འགྱུར་རོ། །​དགྲ་བཅོམ་པ་རྣམས་ཀྱིས་ནི། །​དགྲ་བཅོམ་པ་ཉིད་ཐོབ་བོ། །​འཐོབ་བོ། །​ཐོབ་པར་འགྱུར་རོ། །​རང་སངས་རྒྱས་རྣམས་ཀྱིས་ནི། རང་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་སོ། །​མངོན་པར་འཚང་བྱའོ། །​མངོན་པར་སངས་རྒྱས་པར་འགྱུར་རོ། །​དེ་ལ་བསླབས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ནས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །​མངོན་པར་རྫོགས་པར་འཚང་རྒྱའོ། །​མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ། །​ཀཽ་ཤི་ཀ་གཟུགས་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་གཟུགས་ཀྱི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །​ཀཽ་ཤི་ཀ་ཚོར་བ་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཚོར་བའི་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་སོ། །​ཀཽ་ཤི་ཀ་འདུ་ཤེས་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96554#UT22084-014-001-96554