ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཚད་མྱེད་པ་སྟེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །​བཙུན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དཔག་ཏུ་མྱེད་པ་སྟེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བཙུན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཐའ་ཡས་པ་སྟེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །​དེ་ལ་བསླབས་ཤིང་རྒྱུན་ཏུ་ཞུགས་པ་རྣམས་ཀྱིས་ནི། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པོ། །​འཐོབ་བོ། །​ཐོབ་པར་འགྱུར་རོ། །​ལན་ཅིག་ཕྱིར་འོང་བ་རྣམས་ཀྱིས་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་བོ། །​འཐོབ་བོ། །​ཐོབ་པར་འགྱུར་རོ། །​ཕྱིར་མྱི་འོང་བ་རྣམས་ཀྱིས་ནི་ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་བོ། །​འཐོབ་བོ། །​ཐོབ་པར་འགྱུར་རོ། །​དགྲ་བཅོམ་པ་རྣམས་ཀྱིས་ནི་དགྲ་བཅོམ་པ་ཉིད་ཐོབ་བོ། །​འཐོབ་བོ། །​ཐོབ་པར་འགྱུར་རོ། །​རང་སངས་རྒྱས་རྣམས་ཀྱིས་ནི་རང་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་སོ། །​མངོན་པར་འཚང་རྒྱའོ། །​མངོན་པར་སངས་རྒྱས་པར་འགྱུར་རོ། །​དེ་ལ་བསླབས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི། སེམས་ཅན་ཡོངས་སུ་སྨིན་པར་བྱས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ནས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །​མངོན་པར་རྫོགས་པར་འཚང་རྒྱའོ། །​མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ། །​རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །​དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆེ་བ་སྟེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཚད་མྱེད་པ་སྟེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དཔག་ཏུ་མྱེད་པ་སྟེ། འདི་ལྟར་ཤེས་རབ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96553#UT22084-014-001-96553