བ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​སྣ་ལས་ཀྱང་བཙལ་བར་མྱི་བྱ། སྣ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​ལྕེ་ལས་ཀྱང་བཙལ་བར་མི་བྱ། ལྕེ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​ལུས་ལས་ཀྱང་བཙལ་བར་མྱི་བྱ། ལུས་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​ཡིད་ལས་ཀྱང་བཙལ་བར་མྱི་བྱ། ཡིད་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་མྱིག་གང་ཡིན་པ་དང་། རྣ་བ་གང་ཡིན་པ་དང་། སྣ་གང་ཡིན་པ་དང་། ལྕེ་གང་ཡིན་པ་དང་། ལུས་གང་ཡིན་པ་དང་། ཡིད་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བཙལ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན་མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ། བལྟར་མྱེད་པ། ཐོགས་པ་མྱེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པའོ། །​ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་ལས་ཀྱང་བཙལ་བར་མྱི་བྱ། གཟུགས་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​སྒྲ་ལས་ཀྱང་བཙལ་བར་མྱི་བྱ། སྒྲ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​དྲི་ལས་ཀྱང་བཙལ་བར་མྱི་བྱ། དྲི་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​རོ་ལས་ཀྱང་བཙལ་བར་མྱི་བྱ། རོ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​རེག་ལས་ཀྱང་བཙལ་བར་མྱི་བྱ། རེག་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​ཆོས་ལས་ཀྱང་བཙལ་བར་མྱི་བྱ། ཆོས་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་གཟུགས་གང་ཡིན་པ་དང་། སྒྲ་གང་ཡིན་པ་དང་། དྲི་གང་ཡིན་པ་དང་། རོ་གང་ཡིན་པ་དང་། རེག་གང་ཡིན་པ་དང་། ཆོས་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བཙལ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96477#UT22084-014-001-96477