ཡང་མ་ཡིན། བྲལ་བ་ཡང་མ་ཡིན་ནོ། །​ཀཽ་ཤི་ཀ་འདི་ནི་གང་ཆོས་འདི་དག །​ཐམས་ཅད་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན་པ་དེའི་མཐུ་སྟེ། བྱིན་ཀྱི་རླབས་མྱེད་པའི་ཚུལ་གྱིས། དེའི་བྱིན་ཀྱི་རླབས་སོ།​། །​། །​།ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་པ། །​ཀཽ་ཤི་ཀ་གང་ཡང་འདི་སྐད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་ནི། གང་ནས་བཙལ་བར་བྱ་ཞེས་ཟེར་བ་ནི། ཀཽ་ཤི་ཀ་གཟུགས་ལས་ཀྱང་བཙལ་བར་མྱི་བྱ། གཟུགས་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​ཚོར་བ་ལས་ཀྱང་བཙལ་བར་མྱི་བྱ། ཚོར་བ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​འདུ་ཤེས་ལས་ཀྱང་བཙལ་བར་མྱི་བྱ། འདུ་ཤེས་ལས་གཞན་དུ་ཡང་བཙལ་བར་མི་བྱའོ། །​འདུ་བྱེད་ལས་ཀྱང་བཙལ་བར་མྱི་བྱ། འདུ་བྱེད་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​རྣམ་པར་ཤེས་པ་ལས་ཀྱང་བཙལ་བར་མྱི་བྱ། རྣམ་པར་ཤེས་པ་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་གཟུགས་གང་ཡིན་པ་དང་། ཚོར་བ་གང་ཡིན་པ་དང་། འདུ་ཤེས་གང་ཡིན་པ་དང་། འདུ་བྱེད་གང་ཡིན་པ་དང་། རྣམ་པར་ཤེས་པ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བཙལ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ། བལྟར་མྱེད་པ། ཐོགས་པ་མྱེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པའོ། །​ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མྱིག་ལས་ཀྱང་བཙལ་བར་མྱི་བྱ། མྱིག་ལས་གཞན་དུ་ཡང་བཙལ་བར་མྱི་བྱའོ། །​རྣ་བ་ལས་ཀྱང་བཙལ་བར་མྱི་བྱ། རྣ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96476#UT22084-014-001-96476