པ་ཡིན། ཅིའི་ཕྱིར་ན། ཕྱིར་མྱི་འོང་བའི་འབྲས་བུ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། དགྲ་བཅོམ་པ་ཉིད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། རང་བྱང་ཆུབ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། །​རབ་འབྱོརད་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། །​དེ་ནི་འདི་ལྟར་གཟུགས་ལ་ཡོངས་སུ་འཛིན་པ་མྱེད་དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་གཟུགས་ལ་གཟུགས་ཡོངས་སུ་མྱི་འཛིན་ཏོ། །​དེ་ནི་འདི་ལྟར་ཚོར་བ་ལ་ཡོངས་སུ་འཛིན་པ་མྱེད་དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་ཚོར་བ་ལ་ཚོར་བ་ཡོངས་སུ་མྱི་འཛིན་ཏོ། །​དེ་ནི་འདི་ལྟར་འདུ་ཤེས་ལ་ཡོངས་སུ་འཛིན་པ་མྱེད་དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་འདུ་ཤེས་ལ་འདུ་ཤེས་ཡོངས་སུ་མྱི་འཛིན་ཏོ། །​དེ་ནི་འདི་ལྟར་འདུ་བྱེད་ལ་ཡོངས་སུ་འཛིན་པ་མྱེད་དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་འདུ་བྱེད་ལ་འདུ་བྱེད་ཡོངས་སུ་མྱི་འཛིན་ཏོ། །​དེ་ནི་འདི་ལྟར་རྣམ་པར་ཤེས་པ་ལ་ཡོངས་སུ་འཛིན་པ་མྱེད་དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་ཡོངས་སུ་མྱི་འཛིན་ཏོ། །​དེ་ནི་འདི་ལྟར་མྱིག་ལ་ཡོངས་སུ་འཛིན་པ་མྱེད་དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་མྱིག་ལ་མྱིག་ཡོངས་སུ་མྱི་འཛིན་ཏོ། །​དེ་ནི་འདི་ལྟར་རྣ་བ་ལ་ཡོངས་སུ་འཛིན་པ་མྱེད་དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་རྣ་བ་ལ་རྣ་བ་ཡོངས་སུ་མྱི་འཛིན་ཏོ། །​དེ་ནི་འདི་ལྟར་སྣ་ལ་ཡོངས་སུ་འཛིན་པ་མྱེད་དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་སྣ་ལ་སྣ་ཡོངས་སུ་མྱི་འཛིན་ཏོ། །​དེ་ནི་འདི་ལྟར་ལྕེ་ལ་ཡོངས་སུ་འཛིན་པ་མྱེད་དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་ལྕེ་ལ་ལྕེ་ཡོངས་སུ་མྱི་འཛིན་ཏོ། །​དེ་ནི་འདི་ལྟར་ལུས་ལ་ཡོངས་སུ་འཛིན་པ་མྱེད་དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་ལུས་ལ་ལུས་ཡོངས་སུ་མྱི་འཛིན་ཏོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96397#UT22084-014-001-96397