ཕྱིར་ན། ཚད་མྱེད་པ་རྣམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། རྣམ་པར་ཐར་པ་རྣམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། མཐརད་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། མངོན་པར་ཤེས་པ་རྣམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། ཏིང་ངེ་འཛིན་རྣམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། གཟུངས་ཀྱི་སྒོ་རྣམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། མྱི་འཇིགས་པ་རྣམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མི་སློབ་པ་ཡིན། ཅིའི་ཕྱིར་ན། སོ་སོ་ཡང་དག་པར་རིག་པ་རྣམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། བྱམས་པ་ཆེན་པོ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། སྙིང་རྗེ་ཆེན་པོ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན། ཅིའི་ཕྱིར་ན། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96396#UT22084-014-001-96396