དང་ཐ་མ་མྱེད་པ་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​དོར་བ་མྱེད་པ་སྟོང་པ་ཉིད་ལ་མྱི་སློབས། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་དོར་བ་མྱེད་པ་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​རང་བཞིན་སྟོང་པ་ཉིད་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་རང་བཞིན་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​ཆོས་ཐམས་ཅད་སྟོང་པ་ཉིད་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་ཆོས་ཐམས་ཅད་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​རང་གི་མཚན་ཉིད་སྟོང་པ་ཉིད་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་རང་གི་མཚན་ཉིད་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། མྱི་དམྱིགས་པ་སྟོང་པ་ཉིད་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་མྱི་དམྱིགས་པ་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​དངོས་པོ་མྱེད་པ་སྟོང་པ་ཉིད་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་དངོས་པོ་མྱེད་པ་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​ངོ་བོ་ཉིད་སྟོང་པ་ཉིད་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་ངོ་བོ་ཉིད་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་པ་ནི། དྲན་པ་ཉེ་བར་གཞག་པ་བཞི་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་དྲན་པ་ཉེ་བར་གཞག་པ་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​ཡང་དག་པར་སྤོང་བ་བཞི་ལ་མྱི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96335#UT22084-014-001-96335