ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་པ་ནི། ནང་སྟོང་པ་ཉིད་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་ནང་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​ཕྱི་སྟོང་པ་ཉིད་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་ཕྱི་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​ཕྱི་ནང་སྟོང་པ་ཉིད་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་ཕྱི་ནང་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​སྟོང་པ་ཉིད་སྟོང་པ་ཉིད་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་སྟོང་པ་ཉིད་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​ཆེན་པོ་སྟོང་པ་ཉིད་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་ཆེན་པོ་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​དོན་དམ་པ་སྟོང་པ་ཉིད་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་དོན་དམ་པ་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​འདུས་བྱས་སྟོང་པ་ཉིད་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་འདུས་བྱས་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུས་མ་བྱས་སྟོང་པ་ཉིད་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་འདུས་མ་བྱས་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། མཐའ་ལས་འདས་པ་སྟོང་པ་ཉིད་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་མཐའ་ལས་འདས་པ་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་ཐོག་མ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96334#UT22084-014-001-96334