འགལ་བར་བསྟན་ཏོ། །​ཀཽ་ཤི་ཀ་དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ནི་མྱི་འགལ་རྣམ་པར་མྱི་འགལ་ལོ། །​གང་མྱི་འགལ་རྣམ་པར་མྱི་འགལ་བ་དེ། གནས་བརྟན་རབ་འབྱོར་ཀྱིས་བསྟན་ཏེ་འགལ་བ་མྱེད་དོ། །​ཀཽ་ཤི་ཀ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ནི་བཏགས་པ་ཙམ་མོ། །​བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །​ཀཽ་ཤི་ཀ་མངོན་པར་ཤེས་པ་རྣམས་ནི་བཏགས་པ་ཙམ་མོ། །​བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །​ཀཽ་ཤི་ཀ་ཏིང་ངེ་འཛིན་རྣམས་ནི་བཏགས་པ་ཙམ་མོ། །​བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །​ཀཽ་ཤི་ཀ་གཟུངས་ཀྱི་སྒོ་རྣམས་ནི་བཏགས་པ་ཙམ་མོ། །​བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །​ཀཽ་ཤི་ཀ་དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་བཏགས་པ་ཙམ་མོ། །​བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །​ཀཽ་ཤི་ཀ་མྱི་འཇིགས་པ་བཞི་ནི་བཏགས་པ་ཙམ་མོ། །​བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །​ཀཽ་ཤི་ཀ་སོ་སོ་ཡང་དག་པར་རིག་པ་བཞི་ནི་བཏགས་པ་ཙམ་མོ། །​བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །​ཀཽ་ཤི་ཀ་བྱམས་པ་ཆེན་པོ་ནི་བཏགས་པ་ཙམ་མོ། །​བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །​ཀཽ་ཤི་ཀ་སྙིང་རྗེ་ཆེན་པོ་ནི་བཏགས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96325#UT22084-014-001-96325