གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །​ཀཽ་ཤི་ཀ་སྟོབས་རྣམས་ནི་བཏགས་པ་ཙམ་མོ། །​བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །​ཀཽ་ཤི་ཀ་བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་བཏགས་པ་ཙམ་མོ། །​བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །​ཀཽ་ཤི་ཀ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་བཏགས་པ་ཙམ་མོ། །​བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །​ཀཽ་ཤི་ཀ་འཕགས་པའི་བདེན་པ་རྣམས་ནི་བཏགས་པ་ཙམ་མོ། །​བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །​ཀཽ་ཤི་ཀ་བསམ་གཏན་རྣམས་ནི་བཏགས་པ་ཙམ་མོ། །​བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །​ཀཽ་ཤི་ཀ་ཚད་མྱེད་པ་རྣམས་ནི་བཏགས་པ་ཙམ་མོ། །​བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །​ཀཽ་ཤི་ཀ་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་བཏགས་པ་ཙམ་མོ། །​བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །​ཀཽ་ཤི་ཀ་རྣམ་པར་ཐར་པ་བརྒྱད་ནི་བཏགས་པ་ཙམ་མོ། །​བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །​ཀཽ་ཤི་ཀ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་བཏགས་པ་ཙམ་མོ། །​བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96324#UT22084-014-001-96324