སྟེ། གང་མ་བྱུང་བ་དེ་ནི་གཟུངས་ཀྱི་སྒོ་རྣམས་མ་ཡིན་ནོ། །​ཀཽ་ཤི་ཀ་དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་དེ་བཞིན་གཤེགས་པའི་སྟོབས་རྣམས་མ་ཡིན་ནོ། །​ཀཽ་ཤི་ཀ་མྱི་འཇིགས་པ་བཞི་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་མྱི་འཇིགས་པ་རྣམས་མ་ཡིན་ནོ། །​ཀཽ་ཤི་ཀ་སོ་སོ་ཡང་དག་པར་རིག་པ་བཞི་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་སོ་སོ་ཡང་དག་པར་རིག་པ་རྣམས་མ་ཡིན་ནོ། །​ཀཽ་ཤི་ཀ་བྱམས་པ་ཆེན་པོ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་བྱམས་པ་ཆེན་པོ་མ་ཡིན་ནོ། །ཀཽ་ཤི་ཀ་སྙིང་རྗེ་ཆེན་པོ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་སྙིང་རྗེ་ཆེན་པོ་མ་ཡིན་ནོ། །​ཀཽ་ཤི་ཀ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མ་ཡིན་ནོ། །​ཀཽ་ཤི་ཀ་རྒྱུན་ཏུ་ཞུགས་པའི་འབྲས་བུ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་མ་ཡིན་ནོ། །​ཀཽ་ཤི་ཀ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མ་ཡིན་ནོ། །​ཀཽ་ཤི་ཀ་ཕྱིར་མྱི་འོང་བའི་འབྲས་བུ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་ཕྱིར་མྱི་འོང་བའི་འབྲས་བུ་མ་ཡིན་ནོ། །​ཀཽ་ཤི་ཀ་དགྲ་བཅོམ་པ་ཉིད་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་དགྲ་བཅོམ་པ་ཉིད་མ་ཡིན་ནོ། །​ཀཽ་ཤི་ཀ་རང་བྱང་ཆུབ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་རང་བྱང་ཆུབ་མ་ཡིན་ནོ། །​ཀཽ་ཤི་ཀ་ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་མ་ཡིན་ནོ། །​ཀཽ་ཤི་ཀ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ནོ། །ཀཽ་ཤི་ཀ་རྒྱུན་ཏུ་ཞུགས་པ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་རྒྱུན་ཏུ་ཞུགས་པ་མ་ཡིན་ནོ། །​ཀཽ་ཤི་ཀ་ལན་ཅིག་ཕྱིར་འོང་བ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་ལན་ཅིག་ཕྱིར་འོང་བ་མ་ཡིན་ནོ། །​ཀཽ་ཤི་ཀ་ཕྱིར་མྱི་འོང་བ་ནི་མ་བྱུང་བ་སྟེ། གང་མ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96313#UT22084-014-001-96313