ཡིན་ནོ། །​ཀཽ་ཤི་ཀ་རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་རྫུ་འཕྲུལ་གྱི་རྐང་པ་རྣམས་མ་ཡིན་ནོ། །​ཀཽ་ཤི་ཀ་དབང་པོ་རྣམས་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་དབང་པོ་རྣམས་མ་ཡིན་ནོ། །​ཀཽ་ཤི་ཀ་སྟོབས་རྣམས་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་སྟོབས་རྣམས་མ་ཡིན་ནོ། །​ཀཽ་ཤི་ཀ་བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་མ་ཡིན་ནོ། །​ཀཽ་ཤི་ཀ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་ཡིན་ནོ། །​ཀཽ་ཤི་ཀ་འཕགས་པའི་བདེན་པ་རྣམས་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་འཕགས་པའི་བདེན་པ་རྣམས་མ་ཡིན་ནོ། །​ཀཽ་ཤི་ཀ་བསམ་གཏན་རྣམས་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་བསམ་གཏན་རྣམས་མ་ཡིན་ནོ། །​ཀཽ་ཤི་ཀ་ཚད་མྱེད་པ་རྣམས་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་ཚད་མྱེད་པ་རྣམས་མ་ཡིན་ནོ། །​ཀཽ་ཤི་ཀ་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་མ་ཡིན་ནོ། །​ཀཽ་ཤི་ཀ་རྣམ་པར་ཐར་བ་བརྒྱད་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་རྣམ་པར་ཐར་བ་བརྒྱད་མ་ཡིན་ནོ། །​ཀཽ་ཤི་ཀ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མ་ཡིན་ནོ། །​ཀཽ་ཤི་ཀ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་རྣམ་པར་ཐར་བའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མ་ཡིན་ནོ། །ཀཽ་ཤི་ཀ་མངོན་པར་ཤེས་པ་རྣམས་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་མངོན་པར་ཤེས་པ་རྣམས་མ་ཡིན་ནོ། །​ཀཽ་ཤི་ཀ་ཏིང་ངེ་འཛིན་རྣམས་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་ཏིང་ངེ་འཛིན་རྣམས་མ་ཡིན་ནོ། །​ཀཽ་ཤི་ཀ་གཟུངས་ཀྱི་སྒོ་རྣམས་ནི་མ་བྱུང་བ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96312#UT22084-014-001-96312