རྣམས་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །​སྟོབས་རྣམས་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །​བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །​འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །​འཕགས་པའི་བདེན་པ་རྣམས་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །​བསམ་གཏན་རྣམས་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །​ཚད་མྱེད་བ་རྣམས་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །​གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །​རྣམ་པར་ཐར་པ་རྣམས་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །​མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །​རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །​མངོན་པར་ཤེས་པ་རྣམས་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །​ཏིང་ངེ་འཛིན་རྣམས་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །​གཟུངས་ཀྱི་སྒོ་རྣམས་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །​དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །​མྱི་འཇིགས་པ་རྣམས་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །​སོ་སོ་ཡང་དག་པར་རིག་པ་རྣམས་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །​བྱམས་པ་ཆེན་པོ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །​སྙིང་རྗེ་ཆེན་པོ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །​རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །​ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །​ཕྱིར་མྱི་འོང་བའི་འབྲས་བུ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །དགྲ་བཅོམ་པ་ཉིད་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །​རང་བྱང་ཆུབ་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །​ལྷའི་བུ་དག་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །​དེ་ནས་ལྷའི་བུ་དེ་དག་གིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96189#UT22084-014-001-96189