སྙམ་དུ་སེམས། དེ་ལ་སུས་ཀྱང་བསྟན་པའམ། ཐོས་པ་འམ། ཤེས་པར་གྱུར་པ་ཡོད་དམ། །​སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་མྱེད་དོ། །​རབ་འབྱོར་ཀྱིས་སྨྲས་པ། ལྷའི་བུ་དག་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་སྐྱེ་མ་ལྟ་བུ་སྟེ། དེ་ལ་སུས་ཀྱང་བསྟན་པ་མྱེད་དོ། །​སུས་ཀྱང་ཐོས་པ་མྱེད་དོ། །​སུས་ཀྱང་ཤེས་པ་མྱེད་དོ། །​དེ་ནས་ལྷའི་བུ་དེ་དག་འདི་སྙམ་དུ་སེམས་པར་གྱུར་ཏེ། ཀྱེ་མ་གནས་བརྟན་རབ་འབྱོར་འདི་ནི་གསལ་བར་བྱེད་པ་སྟེ། ཀྱེ་མ་འཕགས་པ་རབ་འབྱོར་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་གསལ་བར་བྱེད་ཀྱང་། ཟབ་པ་བས་ཀྱང་ཤིན་ཏུ་ཟབ་པ་སྟོན། ཕྲ་བ་བས་ཀྱང་ཤིན་ཏུ་ཕྲ་བ་ལ་འཇུག་གོ། །​དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས། ལྷའི་བུ་དེ་དག་གི་སེམས་ཀྱི་རྣམ་པར་རྟོག་པ་སེམས་ཀྱིས་ཡོངས་སུ་ཤེས་ཏེ། ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །​ལྷའི་བུ་དག་གཟུགས་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། ཚོར་བ་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན། འདུ་ཤེས་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན། འདུ་བྱེད་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན། རྣམ་པར་ཤེས་པ་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན་ནོ། །​ཚོར་བའི་རང་བཞིན་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན་ནོ། །​འདུ་ཤེས་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །​འདུ་བྱེད་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན་ནོ། །​རྣམ་པར་ཤེས་པའི་རང་བཞིན་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན་ནོ། །​མྱིག་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། རྣ་བ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། སྣ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། ལྕེ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། ལུས་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། ཡིད་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །​དེ་ཅིའི་ཕྱིར་ཞེ་ན། མྱིག་གི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིད་ནོ། །​རྣ་བའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །​སྣའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །​ལྕེའི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96174#UT22084-014-001-96174