རེག་ལ་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། ཆོས་ལ་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། མྱིག་གི་རྣམ་པར་ཤེས་པ་ལ་གནས་པར་མི་བྱའོ། །​དམྱིགས་པའི་ཚུལ་གྱིས། རྣ་བའི་རྣམ་པར་ཤེས་པ་ལ་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། སྣའི་རྣམ་པར་ཤེས་པ་ལ་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། ལྕེའི་རྣམ་པར་ཤེས་པ་ལ་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། ལུས་ཀྱི་རྣམ་པར་ཤེས་པ་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཡིད་ཀྱི་རྣམ་པར་ཤེས་པ་ལ་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། མྱིག་གི་འདུས་ཏེ་རེག་པ་ལ་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། རྣ་བའི་འདུས་ཏེ་རེག་པ་ལ་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། སྣའི་འདུས་ཏེ་རེག་པ་ལ་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། ལྕེའི་འདུས་ཏེ་རེག་པ་ལ་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། ལུས་ཀྱི་འདུས་ཏེ་རེག་པ་ལ་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། ཡིད་ཀྱི་འདུས་ཏེ་རེག་པ་ལ་གནས་པར་མི་བྱའོ། །​དམྱིགས་པའི་ཚུལ་གྱིས། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། སའི་ཁམས་ལ་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། ཆུའི་ཁམས་ལ་གནས་པར་མྱི་བྱའོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96079#UT22084-014-001-96079