རང་བྱང་ཆུབ་སྟོང་པ་ཉིད་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་སྟོང་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོང་པ་ཉིད་དང་། བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་དེ་ལ་གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དེ། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་ལ་དེ་ལྟར་གནས་པར་བྱའོ།​། །​།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉི་ཤུ་གཅིག་པ། །​དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། གནས་བརྟན་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །​བཙུན་པ་རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་ལ་གནས་པར་མྱི་བྱ། །​རབ་འབྱོར་ཀྱིས་སྨྲས་པ། ཀཽ་ཤི་ཀ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་ལ་སྤྱོད་པའི་ཚེ། དམྱིགས་པའི་ཚུལ་གྱིས། གཟུགས་ལ་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། ཚོར་བ་ལ་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། འདུ་ཤེས་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། འདུ་བྱེད་ལ་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། རྣམ་པར་ཤེས་པ་ལ་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། མྱིག་ལ་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། རྣ་བ་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སྣ་ལ་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། ལྕེ་ལ་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། ལུས་ལ་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། ཡིད་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། གཟུགས་ལ་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། སྒྲ་ལ་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། དྲི་ལ་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས། རོ་ལ་གནས་པར་མྱི་བྱའོ། །​དམྱིགས་པའི་ཚུལ་གྱིས།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96078#UT22084-014-001-96078