མྱི་རུང་བར་ཡིད་ལ་བྱའོ། །​རྒ་ཤི་ནི་གནོད་པར་ཡིད་ལ་བྱའོ། །​ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་མྱི་དམྱིགས་པའི་ཚུལ་གྱིས། མ་རིག་པ་འགག་པ་ནི་བདག་མྱེད་པར་ཡིད་ལ་བྱའོ། །​མ་རིག་པ་འགག་པ་ནི་ཞི་བར་ཡིད་ལ་བྱའོ། །​མ་རིག་པ་འགག་པ་ནི་དབེན་པར་ཡིད་ལ་བྱའོ། །​མ་རིག་པ་འགག་པ་ནི་སྟོང་པ་ཉིད་དུ་ཡིད་ལ་བྱའོ། །​མ་རིག་པ་འགག་པ་ནི་མཚན་མ་མྱེད་པ་ཉིད་དུ་ཡིད་ལ་བྱའོ། །​མ་རིག་པ་འགག་པ་ནི་སྨོན་པ་མྱེད་པ་ཉིད་དུ་ཡིད་ལ་བྱའོ། །​མ་རིག་པ་འགག་པ་ནི་མངོན་པར་འདུ་བྱེད་པ་མྱེད་པ་ཉིད་དུ་ཡིད་ལ་བྱའོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་མྱི་དམྱིགས་པའི་ཚུལ་གྱིས། མ་རིག་པ་འགགས་པས་འདུ་བྱེད་འགག་པ་ནི་བདག་མྱེད་པར་ཡིད་ལ་བྱའོ། །​འདུ་བྱེད་འགག་པ་ནི་ཞི་བར་ཡིད་ལ་བྱའོ། །​འདུ་བྱེད་འགག་པ་ནི་དབེན་པར་ཡིད་ལ་བྱའོ། །​འདུ་བྱེད་འགག་པ་ནི་སྟོང་པ་ཉིད་དུ་ཡིད་ལ་བྱའོ། །​འདུ་བྱེད་འགག་པ་ནི་མཚན་མ་མྱེད་པ་ཉིད་དུ་ཡིད་ལ་བྱའོ། །​འདུ་བྱེད་འགག་པ་ནི་སྨོན་པ་མྱེད་པ་ཉིད་དུ་ཡིད་ལ་བྱའོ། །​འདུ་བྱེད་འགག་པ་ནི་མངོན་པར་འདུ་བྱེད་པ་མྱེད་པ་ཉིད་དུ་ཡིད་ལ་བྱའོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་མྱི་དམྱིགས་པའི་ཚུལ་གྱིས། འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག་པ་ནི་བདག་མྱེད་པར་ཡིད་ལ་བྱའོ། །​རྣམ་པར་ཤེས་པ་འགག་པ་ནི་ཞི་བར་ཡིད་ལ་བྱའོ། །​རྣམ་པར་ཤེས་པ་འགག་པ་ནི་དབེན་པར་ཡིད་ལ་བྱའོ། །​རྣམ་པར་ཤེས་པ་འགག་པ་ནི་སྟོང་པ་ཉིད་དུ་ཡིད་ལ་བྱའོ། །རྣམ་པར་ཤེས་པ་འགག་པ་ནི་མཚན་མ་མྱེད་པ་ཉིད་དུ་ཡིད་ལ་བྱའོ། །​རྣམ་པར་ཤེས་པ་འགག་པ་ནི་སྨོན་པ་མྱེད་པ་ཉིད་དུ་ཡིད་ལ་བྱའོ། །​རྣམ་པར་ཤེས་པ་འགག་པ་ནི་མངོན་པར་འདུ་བྱེད་པ་མྱེད་པ་ཉིད་དུ་ཡིད་ལ་བྱའོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96060#UT22084-014-001-96060