ཆུའི་ཁམས་ནི་འཇིགས་པར་ཡིད་ལ་བྱའོ། །​ཆུའི་ཁམས་ནི་འགོ་བའི་ནད་དུ་ཡིད་ལ་བྱའོ། །​ཆུའི་ཁམས་ནི་སྟོང་པ་ཉིད་དུ་ཡིད་ལ་བྱའོ། །​ཆུའི་ཁམས་ནི་བདག་གི་མྱེད་པར་ཡིད་ལ་བྱའོ། །​ཆུའི་ཁམས་ནི་ཡིད་བརྟན་དུ་མི་རུང་བར་ཡིད་ལ་བྱའོ། །​ཆུའི་ཁམས་ནི་གནོད་པར་ཡིད་ལ་བྱའོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་མྱི་དམྱིགས་པའི་ཚུལ་གྱིས། མྱེའི་ཁམས་ནི་མྱི་རྟག་པར་ཡིད་ལ་བྱའོ། །​མྱེའི་ཁམས་ནི་སྡུག་བསྔལ་བར་ཡིད་ལ་བྱའོ། །མྱེའི་ཁམས་ནི་བདག་མེད་པར་ཡིད་ལ་བྱའོ། །​མྱེའི་ཁམས་ནི་ཞི་བར་ཡིད་ལ་བྱའོ། །​མྱེའི་ཁམས་ནི་དབེན་པར་ཡིད་ལ་བྱའོ། །​མྱེའི་ཁམས་ནི་ནད་དུ་ཡིད་ལ་བྱའོ། །​མྱེའི་ཁམས་ནི་ཤུ་བར་ཡིད་ལ་བྱའོ། །​མྱེའི་ཁམས་ནི་ཟུག་རྔུར་ཡིད་ལ་བྱའོ། །མྱེའི་ཁམས་ནི་སྡིག་པར་ཡིད་ལ་བྱའོ། །​མྱེའི་ཁམས་ནི་ན་བར་ཡིད་ལ་བྱའོ། །​མྱེའི་ཁམས་ནི་དགྲར་ཡིད་ལ་བྱའོ། །​མྱེའི་ཁམས་ནི་འཇིག་པའི་ཆོས་ཅན་དུ་ཡིད་ལ་བྱའོ། །​མྱེའི་ཁམས་ནི་མྱི་བརྟན་པར་ཡིད་ལ་བྱའོ། །​མྱེའི་ཁམས་ནི་འཇིག་པར་ཡིད་ལ་བྱའོ། །​མྱེའི་ཁམས་ནི་འཇིགས་པར་ཡིད་ལ་བྱའོ། །​མྱེའི་ཁམས་ནི་འགོ་བའི་ནད་དུ་ཡིད་ལ་བྱའོ། །​མྱེའི་ཁམས་ནི་སྟོང་པ་ཉིད་དུ་ཡིད་ལ་བྱའོ། །​མྱེའི་ཁམས་ནི་བདག་གི་མྱེད་པར་ཡིད་ལ་བྱའོ། །​མྱེའི་ཁམས་ནི་ཡིད་བརྟན་དུ་མྱི་རུང་བར་ཡིད་ལ་བྱའོ། །​མྱེའི་ཁམས་ནི་གནོད་པར་ཡིད་ལ་བྱའོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་མྱི་དམྱིགས་པའི་ཚུལ་གྱིས། རླུང་གི་ཁམས་ནི་མྱི་རྟག་པར་ཡིད་ལ་བྱའོ། །​རླུང་གི་ཁམས་ནི་སྡུག་བསྔལ་བར་ཡིད་ལ་བྱའོ། །​རླུང་གི་ཁམས་ནི་བདག་མྱེད་པར་ཡིད་ལ་བྱའོ། །​རླུང་གི་ཁམས་ནི་ཞི་བར་ཡིད་ལ་བྱའོ། །​རླུང་གི་ཁམས་ནི་དབེན་པར་ཡིད་ལ་བྱའོ། །​རླུང་གི་ཁམས་ནི་ནད་དུ་ཡིད་ལ་བྱའོ། །​རླུང་གི་ཁམས་ནི་ཤུ་བར་ཡིད་ལ་བྱའོ། །​རླུང་གི་ཁམས་ནི་ཟུག་རྔུར་ཡིད་ལ་བྱའོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96051#UT22084-014-001-96051