དང་། ལྷའི་བུ་གང་གིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མ་བསྐྱེད་བ་དེ་དག་གིས་ཀྱང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་བར་བྱ་བ་བསྟན་པར་བྱའོ། །​གང་ཡང་དག་པ་སྐྱོན་མེད་པར་ཞུགས་པར་གྱུར་པ་དེ་དག་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་མཐུ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་འཁོར་བའི་རྒྱུད་ཀྱི་ས་མཚམས་བཅད་པའི་ཕྱིར་ཏེ། འོན་ཀྱང་གལ་ཏེ་དེ་དག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན་དེ་དག་ལ་ཡང་རྗེས་སུ་ཡི་རང་ངོ་། །​ཁྱད་པར་དུ་འཕགས་པའི་ཆོས་རྣམས་ལས་ཁྱད་པར་དུ་འཕགས་པའི་ཆོས་རྣམས་འཐོབ་པར་འགྱུར་བས། དེ་དག་གི་དགེ་བའི་ཕྱོགས་ལ་བདག་ནི་བར་ཆད་མྱི་བྱེད་དོ། །​ཀཽ་ཤི་ཀ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། ཀཽ་ཤི་ཀ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་མྱི་དམྱིགས་པའི་ཚུལ་གྱིས། གཟུགས་ནི་མྱི་རྟག་པར་ཡིད་ལ་བྱའོ། །​གཟུགས་ནི་སྡུག་བསྔལ་བར་ཡིད་ལ་བྱའོ། །​གཟུགས་ནི་བདག་མྱེད་པར་ཡིད་ལ་བྱའོ། །​གཟུགས་ནི་ཞི་བར་ཡིད་ལ་བྱའོ། །​གཟུགས་ནི་དབེན་པར་ཡིད་ལ་བྱའོ། །​གཟུགས་ནི་ནང་དུ་ཡིད་ལ་བྱའོ། །​གཟུགས་ནི་ཤུ་བར་ཡིད་ལ་བྱའོ། །གཟུགས་ནི་ཟུག་རྔུར་ཡིད་ལ་བྱའོ། །​གཟུགས་ནི་སྡིག་པར་ཡིད་ལ་བྱའོ། །​གཟུགས་ནི་ན་བར་ཡིད་ལ་བྱའོ། །​གཟུགས་ནི་དགྲར་ཡིད་ལ་བྱའོ། །​གཟུགས་ནི་འཇིག་པའི་ཆོས་ཅན་དུ་ཡིད་ལ་བྱའོ། །​གཟུགས་ནི་མྱི་བརྟན་པར་ཡིད་ལ་བྱའོ། །​གཟུགས་ནི་འཇིག་པར་ཡིད་ལ་བྱའོ། །​གཟུགས་ནི་འཇིགས་པར་ཡིད་ལ་བྱའོ། །​གཟུགས་ནི་འགོ་བའི་ནང་དུ་ཡིད་ལ་བྱའོ། །​གཟུགས་ནི་སྟོང་པ་ཉིད་དུ་ཡིད་ལ་བྱའོ། །​གཟུགས་ནི་བདག་གི་མེད་པར་ཡིད་ལ་བྱའོ། །​གཟུགས་ནི་ཡིད་བརྟན་དུ་མྱི་རུང་བར་ཡིད་ལ་བྱའོ། །​གཟུགས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96029#UT22084-014-001-96029