སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་འདུ་བྱེད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་འདུ་བྱེད་མ་ལགས་སོ། །​བཅོམ་ལྡན་འདས་རྣམ་པར་ཤེས་པའི་མ་སྐྱེས་པ་གང་ལགས་པ་དེ་རྣམ་པར་ཤེས་པ་མ་ལགས་ཏེ། དེ་ལྟར་ན་རྣམ་པར་ཤེས་པ་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ། གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་རྣམ་པར་ཤེས་པའི་མ་སྐྱེས་པ་གང་ལགས་པ་དེ་རྣམ་པར་ཤེས་པ་མ་ལགས་སོ། །​བཅོམ་ལྡན་འདས་མྱིག་གི་མ་སྐྱེས་པ་གང་ལགས་པ་དེ་མྱིག་མ་ལགས་ཏེ། དེ་ལྟར་ན་མྱིག་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ། གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་མྱིག་གི་མ་སྐྱེས་པ་གང་ལགས་པ་དེ་མྱིག་མ་ལགས་སོ། །​བཅོམ་ལྡན་འདས་རྣ་བའི་མ་སྐྱེས་པ་གང་ལགས་པ་དེ་རྣ་བ་མ་ལགས་ཏེ། དེ་ལྟར་ན་རྣ་བ་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་རྣ་བའི་མ་སྐྱེས་པ་གང་ལགས་པ་དེ་རྣ་བ་མ་ལགས་སོ། །བཅོམ་ལྡན་འདས་སྣའི་མ་སྐྱེས་པ་གང་ལགས་པ་དེ་སྣ་མ་ལགས་ཏེ། དེ་ལྟར་ན་སྣ་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་སྣའི་མ་སྐྱེས་པ་གང་ལགས་པ་དེ་སྣ་མ་ལགས་སོ། །​བཅོམ་ལྡན་འདས་ལྕེའི་མ་སྐྱེས་པ་གང་ལགས་པ་དེ་ལྕེ་མ་ལགས་ཏེ། དེ་ལྟར་ན་ལྕེ་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-10510#UT22084-014-001-10510