མི་མཐོང་། བྱམས་པ་ཆེན་པོ་ཡང་དག་པར་རྗེས་སུ་མི་མཐོང་། སྙིང་རྗེ་ཆེན་པོ་ཡང་དག་པར་རྗེས་སུ་མྱི་མཐོང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡང་དག་པར་རྗེས་སུ་མྱི་མཐོང་། ཐམས་ཅད་ཤེས་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཞེ་ན། དེ་ནི་འདི་ལྟར་གཟུགས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་གཟུགས་མ་ལགས་ཏེ། དེ་ལྟར་ན་གཟུགས་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ། གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས། ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་གཟུགས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་གཟུགས་མ་ལགས་སོ། །​བཅོམ་ལྡན་འདས་ཚོར་བའི་མ་སྐྱེས་པ་གང་ལགས་པ་དེ་ཚོར་བ་མ་ལགས་ཏེ། དེ་ལྟར་ན་ཚོར་བ་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ། གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ཚོར་བའི་མ་སྐྱེས་པ་གང་ལགས་པ་དེ་ཚོར་བ་མ་ལགས་སོ། །​བཅོམ་ལྡན་འདས་འདུ་ཤེས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་འདུ་ཤེས་མ་ལགས་ཏེ། དེ་ལྟར་ན་འདུ་ཤེས་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་འདུ་ཤེས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་འདུ་ཤེས་མ་ལགས་སོ། །​བཅོམ་ལྡན་འདས་འདུ་བྱེད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་འདུ་བྱེད་མ་ལགས་ཏེ། དེ་ལྟར་ན་འདུ་བྱེད་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ། གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-10509#UT22084-014-001-10509