རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུའི་མྱིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་གནས། མྱེད་དོ། །​རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་གནས་མྱེད་དོ། །​སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་གནས་མྱེད་དོ། །​ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་གནས་མྱེད་དོ། །​ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་གནས་མྱེད་དོ། །​ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་གནས་མྱེད་དོ། །​རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུའི་སའི་ཁམས་ལ་གནས་མྱེད་དོ། །​ཆུའི་ཁམས་ལ་གནས་མྱེད་དོ། །​མྱེའི་ཁམས་ལ་གནས་མྱེད་དོ། །​རླུང་གི་ཁམས་ལ་གནས་མྱེད་དོ། །​ནམ་མཁའི་ཁམས་ལ་གནས་མྱེད་དོ། །​རྣམ་པར་ཤེས་པའི་ཁམས་ལ་གནས་མྱེད་དོ། །​རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། །​སྒྱུ་མའི་སྐྱེས་བུའི་མ་རིག་པ་ལ་གནས་མྱེད་དོ། །​འདུ་བྱེད་ལ་གནས་མྱེད་དོ། །རྣམ་པར་ཤེས་པ་ལ་གནས་མྱེད་དོ། །​མྱིང་དང་གཟུགས་ལ་གནས་མྱེད་དོ། །​སྐྱེ་མཆེད་དྲུག་ལ་གནས་མྱེད་དོ། །​རེག་པ་ལ་གནས་མྱེད་དོ། །​ཚོར་བ་ལ་གནས་མྱེད་དོ། །​སྲེད་པ་ལ་གནས་མྱེད་དོ། །​ལེན་པ་ལ་གནས་མྱེད་དོ། །​སྲིད་པ་ལ་གནས་མྱེད་དོ། །​སྐྱེ་བ་ལ་གནས་མྱེད་དོ། །​རྒ་ཤི་ལ་གནས་མྱེད་དོ། །​རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུ་སྦྱིན་པའི་ཕ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-7507#UT22084-014-001-7507