ཚོར་བ་ལ་གནས་མྱེད་དོ། །​འདུ་ཤེས་ལ་གནས་མྱེད་དོ། །​འདུ་བྱེད་ལ་གནས་མེད་དོ། །​རྣམ་པར་ཤེས་པ་ལ་གནས་མྱེད་དོ། །​རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུའི་མིག་ལ་གནས་མྱེད་དོ། །​རྣ་བ་ལ་གནས་མྱེད་དོ། །​སྣ་ལ་གནས་མྱེད་དོ། །​ལྕེ་ལ་གནས་མྱེད་དོ། །​ལུས་ལ་གནས་མྱེད་དོ། །​ཡིད་ལ་གནས་མྱེད་དོ། །​རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུའི་གཟུགས་ལ་གནས་མྱེད་དོ། །​སྒྲ་ལ་གནས་མྱེད་དོ། །​དྲི་ལ་གནས་མྱེད་དོ། །རོ་ལ་གནས་མྱེད་དོ། །​རེག་ལ་གནས་མྱེད་དོ། །​ཆོས་ལ་གནས་མྱེད་དོ། །​རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུའི་མྱིག་གི་རྣམ་པར་ཤེས་པ་ལ་གནས་མྱེད་དོ། །​རྣ་བའི་རྣམ་པར་ཤེས་པ་ལ་གནས་མྱེད་དོ། །​སྣའི་རྣམ་པར་ཤེས་པ་ལ་གནས་མྱེད་དོ། །​ལྕེའི་རྣམ་པར་ཤེས་པ་ལ་གནས་མྱེད་དོ། །​ལུས་ཀྱི་རྣམ་པར་ཤེས་པ་ལ་གནས་མྱེད་དོ། །​ཡིད་ཀྱི་རྣམ་པར་ཤེས་པ་ལ་གནས་མྱེད་དོ། །​རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུའི་མྱིག་གི་འདུས་ཏེ་རེག་པ་ལ་གནས་མྱེད་དོ། །​རྣ་བའི་འདུས་ཏེ་རེག་པ་ལ་གནས་མྱེད་དོ། །​སྣའི་འདུས་ཏེ་རེག་པ་ལ་གནས་མྱེད་དོ། །​ལྕེའི་འདུས་ཏེ་རེག་པ་ལ་གནས་མྱེད་དོ། །​ལུས་ཀྱི་འདུས་ཏེ་རེག་པ་ལ་གནས་མྱེད་དོ། །​ཡིད་ཀྱི་འདུས་ཏེ་རེག་པ་ལ་གནས་མྱེད་དོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-7506#UT22084-014-001-7506