༄༅། །​རྒྱ་གར་སྐད་དུ། ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་ར་སྱ་ནཱ་མ་ཨཥྚ་ཤ་ཏ་ཀ །​བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མཚན་བརྒྱ་རྩ་བརྒྱད་པ་ཞེས་བྱ་བ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །​འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གནས། རི་གྲུ་འཛིན་གྱི་རྩེ་མོ་མེ་ཏོག་དྲི་ཞིམ་པོ་སྣ་ཚོགས་བཀྲམ་པ། འཛམ་བུ་ཆུ་བོའི་གསེར་ཁ་དོག་བཟང་པོ་ལྟར་སྣང་བ། རིན་པོ་ཆེ་སྣ་ཚོགས་སྣང་བའི་ས་ཕྱོགས་ན་བཞུགས་ཏེ། ལྷ་དང་།


The English translation of this folio by 84000 Translating the words of the Buddha can be found at:
https://84000.co/translation/toh706/UT22084-093-021-140#UT22084-093-021-140