ཟས་མ་ཟོས་པའི་སྔོན་རོལ་ཉིད་དུ་སྦྱིན་པར་བྱའོ། །​དེ་ལྟར་ན་ཡི་དགས་ཐམས་ཅད་ལ་འབྲས་བྲེ་བོ་ཆེ་རེ་རེའི་བཟའ་བ་སོ་སོར་བྱིན་པར་འགྱུར་རོ། །​དེ་ལྟར་བྱས་ན་སྐྱེ་བ་ནས་སྐྱེ་བར་ཡང་ཉམ་ཆུང་བར་མི་འགྱུར་རོ། །​དབུལ་པོར་མི་འགྱུར་རོ། །​སྟོབས་ཆེ་བ་དང་། མཛེས་པ་དང་། མཐོང་ན་དགའ་བ་དང་། ཕྱུག་ཅིང་ལོངས་སྤྱོད་ཆེ་བར་འགྱུར་རོ། །​ཚེ་རིང་ཞིང་ནད་མེད་པ་དང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །​ཤི་འཕོས་ནས་ཀྱང་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་རོ། །​གཟུགས་ལེགས་ཞེས་བྱ་བའི་གཟུངས་རྫོགས་སོ།​།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh540/UT22084-088-035-106#UT22084-088-035-106