བཅད་ནས། །​ཐེ་ཚོམ་མེད་པར་འགྲུབ་པར་འགྱུར། །​འོག་གི་བགེགས་བཟློག་ཆོ་ག་མཆོག །​ཡིད་བཞིན་ནོར་ལྟར་འབྱུང་བ་ཡིན། །​ཐེག་པ་གསུམ་ལས་ངེས་རྒྱལ་བའི། །​རྒྱུད་ཆེན་གསང་བ་མཐར་ཐུག་པ། །​སྐྱོབ་པའི་ཐུགས་ཀྱི་དམ་པ་ཡིན། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་མ་ཐག་ཏུ། ལག་ན་རྡོ་རྗེ་ལ་སོགས་པའི་རིགས་ཀྱི་འཁོར་རྣམས་དང་། ལྷའི་ཚོགས་ཐམས་ཅད་ཡི་རངས་ཏེ། བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་གསུངས་པ་ལ་མངོན་པར་བསྟོད་དོ། །​དཔལ་རྡོ་རྗེ་ས་འོག་གི་རྒྱུད་ལས་གསང་བ་གཏན་ལ་དབབ་པའི་ལེའུ་སྟེ་བཅུ་གསུམ་པའོ།​། །​།ཁ་ཆེའི་པཎྜི་ཏ་ཙེ་ལུ་དང་། བོད་ཀྱི་ལོ་ཙྪ་བ་འཕགས་པ་ཤེས་རབ་ཀྱིས་བསྒྱུར་བ་རྫོགས་སོ།​།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh498/UT22084-087-003-301#UT22084-087-003-301