པས་སྡུག་པ། །​སངས་རྒྱས་མ་གྱུར་ཅི་ཡང་མེད། །​སེམས་ཅན་དོན་རྣམས་བསྒྲུབ་པའི་ཕྱིར། །​སྔར་སྤྱད་མ་ཡིན་ཅི་ཡང་མེད། །​ཉམས་པ་སླར་ཡང་གསོ་བར་བསམ། །​བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་དེ་སྐད་ཅེས་བཀའ་སྩལ་ནས། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །​འཕགས་མ་སྒྲོལ་མ་ཀུ་རུ་ཀུལླེའི་རྟོག་པ་རྫོགས་སོ།​། །​།རྒྱ་གར་གྱི་མཁན་པོ་ཀྲྀཥྞ་པཎྜི་ཏ་དང་། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།​།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh437/UT22084-081-006-1522#UT22084-081-006-1522