༄༅། །​རྒྱ་གར་སྐད་དུ། ཨཱརྱ་ནནྡི་ཀཾ་སཱུ་ཏྲ། བོད་སྐད་དུ། འཕགས་པ་དགའ་བ་ཅན་གྱི་མདོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །​འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ། ཐབས་ཅིག་ཏུ་བཞུགས་ནས་ཆོས་སྟོན་ཏེ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། །​ཚིག་འབྲུ་བཟང་པོ། །​མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཚངས་པར་སྤྱོད་པ་ཡང་དག་པར་རབ་ཏུ་སྟོན་ཏོ། །​དེ་ནས་ཡང་དེའི་ཚེ་དགེ་བསྙེན་དགའ་བ་ཅན་འཁོར་དགེ་བསྙེན་ལྔ་བརྒྱ་དང་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་སྟེ། །​བཅོམ་ལྡན་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh334/UT22084-072-034-229#UT22084-072-034-229