༄༅། །​རྒྱ་གར་སྐད་དུ། ཨཱརྱ་ག་ཎུ་ཨ་ལྃ་ཀ་ར་ཨ་གྲ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་སྡོང་པོ་རྒྱན་གྱི་མཆོག་ཅེས་བྱ་བའི་གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །​སངས་རྒྱས་ཀུན་གྱིས་བསྐྱབ་ཏུ་གསོལ། །​བྱང་ཆུབ་མཆོག་ལ་ཕྱག་འཚལ་ལོ། །​འཕགས་པ་ཀུན་གྱིས་བསྐྱབ་ཏུ་གསོལ། །​རྡོ་རྗེ་མཆོག་ལ་ཕྱག་འཚལ་ལོ། །​རིག་བྱེད་ཀུན་གྱིས་བསྐྱབ་ཏུ་གསོལ། །​གཙང་རིས་ལྷ་ལ་ཕྱག་འཚལ་ལོ། །​མགོན་པོ་ཀུན་གྱིས་བསྐྱབ་ཏུ་གསོལ། །​བར་སྣང་ལྷ་ལ་ཕྱག་འཚལ་ལོ། །སྲིད་གསུམ་དབང་གིས་བསྐྱབ་ཏུ་གསོལ། །​ཁམས་གསུམ་སྲིད་ལ་དབང་བསྒྱུར་བའི། །​ཀུན་ལ་ཕྱག་འཚལ་རྗེས་སུ་མཆོད། །​བདག་གི་ལྔ་ཕུང་ཡན་ལག་ལ། །​ཐུགས་རྗེས་བྱིན་གྱིས་བརླབ་ཏུ་གསོལ། །​དེ་ཡི་སྙིང་པོ་འདི་སྐད་གསུངས། །​ཨོཾ་ཀ་ར་ཀ་ར་སྭཱ་ཧཱ། ཀུ་རུ་ཀུ་རུ་སྭཱ་ཧཱ། བྷ་ར་བྷ་ར་སྭཱ་ཧཱ། བྷུ་རུ་བྷུ་རུ་སྭཱ་ཧཱ། དྷ་ར་དྷ་ར་སྭཱ་ཧཱ། དྷུ་རུ་དྷུ་རུ་སྭཱ་ཧཱ། ཙ་ར་ཙ་ར་སྭཱ་ཧཱ། ཙུ་རུ་ཙུ་རུ་སྭཱ་ཧཱ། བདག་གི་ལྔ་ཕུང་ཡན་ལག་ལ། །​ལོ་མི་རུང་དང་ཟླ་མི་རུང་། །​ཞག་མི་རུང་དང་ཟ་མི་རུང་། །​གཟའ་མི་རུང་དང་སྐར་མི་རུང་། །​ཉིན་མི་རུང་དང་མཚན་མི་རུང་། །​ཉིན་མཚན་ཕྱེད་མར་མི་རུང་དང་། །​སྔ་དྲོ་ཕྱི་དྲོ་མི་རུང་དང་། །​ཕྱོགས་མི་རུང་དང་མཚམས་མི་རུང་། །​འདྲེ་ལྔ་སྡོད་དང་བདུད་གཅོད་པ། །​དེ་དག་ཀུན་ལས་བསྐྱབ་ཏུ་གསོལ། །​དེ་ཡི་སྙིང་པོ་འདི་སྐད་གསུངས། །​ཨོཾ་པྲཛྙེ་པྲཛྙེ་པྲཛྙ་ཨ་བ་ལོ་ཀི་ར་དྷ་ཏི་མ་ནི་སུ་སིདྡྷི་ཨཱརྱ་ཛྭ་ལ་ནཱ་མ་མཉྫུ་ཡེ་སྭཱ་ཧཱ། བདག་གི་ལྔ་ཕུང་ཡན་ལག་ལ། །​དམར་གྱི་ཐུན་དང་ཕྲ་མེན་དང་། །​གློ་དང་ནད་ངན་འོང་བ་དང་། །​ལོ་སྐེག་ཟླ་སྐེག་ཞག་སྐེག་དང་། །​དེ་བཞིན་ཟ་སྐེག་ལ་སོགས་པ། །​རྨི་ལམ་ངན་དང་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh1066/UT22084-101-122-57#UT22084-101-122-57