པར་འགྱུར། །​འཆི་བའི་དུས་ཀྱི་ཚེ་ན་ཡང་། །​ངན་འགྲོ་རྣམས་ལས་བསྲིངས་འགྱུར་ཏེ། །​སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ནས། །​བདེ་བ་ཅན་དུ་སྐྱེ་བར་འགྱུར། །​དེ་སྐད་ཅེས་བཀའ་སྩལ་ནས། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ་མངོན་པར་བསྟོད་དོ། །​འཕགས་པ་ལྷ་མོ་བརྒྱད་ཀྱི་གཟུངས་རྫོགས་སོ།​། །​།རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།​།


The English translation of this folio by 84000 Translating the words of the Buddha can be found at:
https://84000.co/translation/toh999/UT22084-087-002-124#UT22084-087-002-124