རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཀུན་ཏུ་བློ་ཞེས་བྱའོ། །​འདུས་པ་ནི་ལན་ཉི་ཤུ་རྩ་གཉིས་ཏེ། ཐམས་ཅད་ལ་ཡང་ཐེར་འབུམ་ཕྲག་བཅུ་བཅུའོ། །​སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲི་དྲུག་སྟོང་ངོ་། །​དམ་པའི་ཆོས་ཀྱང་ལོ་དྲུག་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་སྤྱོད་པ་དང་ལྡན་པ་སྐྱེ་བའི་ཡུལ་ནི་སྐྱེ་བོའི་མཆོད་རྟེན་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་བདུན་ཁྲིའོ། །​ཡབ་ནི་རིན་ཆེན་གྲགས་ཞེས་བྱའོ། །​ཡུམ་ནི་མེ་ཏོག་མན་དཱ་ར་བའི་གཟི་བརྗིད་ཅེས་བྱའོ། །​སྲས་ནི་ལེགས་མཐོང་དགའ་ཞེས་བྱའོ། །རིམ་གྲོ་པ་ནི་མཐོང་ཆེན་བློ་གྲོས་གསལ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡུལ་འཁོར་ལྷ་སྦེད་ཅེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བསམ་སྦྱིན་གྲགས་པ་ཞེས་བྱའོ། །​འདུས་པ་ནི་ལན་སུམ་ཅུ་རྩ་བཞི་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་བདུན་བདུན་ནོ། །​སྐུ་ཚེའི་ཚད་ནི་ལོ་དགུ་ཁྲི་སུམ་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་དགུ་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་བསོད་ནམས་སྟོབས་སྐྱེ་བའི་ཡུལ་ནི་བསོད་ནམས་ཀྱི་ཕུང་པོའི་སྟེགས་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་དུང་ཕྱུར་ཕྲག་བརྒྱད་དོ། །​ཡབ་ནི་བློ་གྲོས་གྲགས་པ་ཞེས་བྱའོ། །​ཡུམ་ནི་སྙིང་རྗེའི་ཤུགས་ཅན་ཞེས་བྱའོ། །​སྲས་ནི་སྙིང་སྟོབས་ཞུམ་པ་མེད་པའི་བློ་ཞེས་བྱའོ། །​རིམ་གྲོ་པ་ནི་ལྷའི་ཟླ་བ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རིན་པོ་ཆེས་རབ་ཏུ་བརྒྱན་པའི་གཟི་བརྗིད་ཅེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཕྱོགས་བལྟ་གྲགས་ཞེས་བྱའོ། །​འདུས་པ་ནི་ལན་བདུན་ཅུ་སྟེ། ཐམས་ཅད་ལ་ཡང་ས་ཡ་ཕྲག་དགུ་དགུའོ། །​སྐུ་ཚེའི་ཚད་ནི་ལོ་ལྔ་ཁྲི་བཞི་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་ཡོན་ཏན་རྒྱ་མཚོ་སྐྱེ་བའི་ཡུལ་ནི་བྱང་ཆུབ་སྒྲོན་མ་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཙམ་མོ། །​ཡབ་ནི་ཡོན་ཏན་མཐའ་ཡས་གྲགས་ཞེས་བྱའོ། །​ཡུམ་ནི་རིན་ཆེན་གྲགས་ཞེས་བྱའོ། །​སྲས་ནི་ལྷའི་གྲོང་ཁྱེར་གཙོ་ཞེས་བྱའོ། །​རིམ་གྲོ་པ་ནི་ཤེད་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14387#UT22084-045-001-14387