འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་སེང་གེའི་ང་རོ་སྐྱེ་བའི་ཡུལ་ནི་མི་ཐུབ་པའི་ཚོགས་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་ལྔ་བརྒྱའོ། །​ཡབ་ནི་ས་མཆོག་ཅེས་བྱའོ། །​ཡུམ་ནི་མེ་ཏོག་འོད་ཅེས་བྱའོ། །​སྲས་ནི་སེང་གེའི་མཐུ་རྩལ་ཞེས་བྱའོ། །​རིམ་གྲོ་པ་ནི་རིན་ཆེན་མེ་ཏོག་ཅེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཐའ་ཡས་དབྱངས་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བཟང་མཆོག་ཏོག་ཅེས་བྱའོ། །​འདུས་པ་ནི་ལན་བཅུ་གཉིས་ཏེ། ཐམས་ཅད་ལ་ཡང་འབུམ་འབུམ་མོ། །​སྐུ་ཚེའི་ཚད་ནི་ལོ་ཁྲིའོ། །​དམ་པའི་ཆོས་ཀྱང་ལོ་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་ཟླ་བ་ལྟར་ཤར་བ་སྐྱེ་བའི་ཡུལ་ནི་གློག་འོད་ཅེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་བཞི་ཁྲི་ཉིས་སྟོང་ངོ་། །​ཡབ་ནི་བལྟ་སྡུག་ཅེས་བྱའོ། །​ཡུམ་ནི་ཉི་མའི་བཞིན་ཞེས་བྱའོ། །​སྲས་ནི་ཀུན་ཏུ་ལྟ་ཞེས་བྱའོ། །​རིམ་གྲོ་པ་ནི་ཀུན་ཏུ་མེ་ཏོག་ཅེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་མཐུ་རྩལ་སྟོབས་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གྲགས་པ་རྒྱ་ཆེན་ཞེས་བྱའོ། །​འདུས་པ་ནི་ལན་བཅུ་སྟེ། ཐམས་ཅད་ལ་ཡང་འབུམ་འབུམ་མོ། །​སྐུ་ཚེའི་ཚད་ནི་ལོ་དགུ་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་དགུ་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་འཇོམས་པའི་མཆོག་སྐྱེ་བའི་ཡུལ་ནི་སྣང་བ་མཐའ་ཡས་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་སུམ་ཅུ་རྩ་དྲུག་གོ། །​ཡབ་ནི་ཙན་དན་བཟང་པོ་ཞེས་བྱའོ། །​ཡུམ་ནི་རིན་ཆེན་མཆོག་ཅེས་བྱའོ། །​སྲས་ནི་རིན་ཆེན་དཔལ་ཞེས་བྱའོ། །​རིམ་གྲོ་པ་ནི་མཐུ་རྩལ་སྟོབས་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ལྟ་མཆོད་ཅེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རིན་ཆེན་མཐའ་ཡས་འོད་ཅེས་བྱའོ། །​འདུས་པ་ནི་ལན་ཉི་ཤུ་རྩ་གཉིས་ཏེ། ཐམས་ཅད་ལ་ཡང་ཐེར་འབུམ་ཐེར་འབུམ་མོ། །​སྐུ་ཚེའི་ཚད་ནི་ལོ་ཉི་ཁྲི་ལྔ་སྟོང་ངོ་། །​དམ་པའི་ཆོས་ཀྱང་ལོ་ཉི་ཁྲི་ལྔ་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་མི་གཡོ་བ་སྐྱེ་བའི་ཡུལ་ནི་བློ་གནས་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14370#UT22084-045-001-14370