མཆོག་ནི་སེང་གེའི་ང་རོ་སྒྲ་སྒྲོགས་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཐེག་མཆོག་དགའ་ཞེས་བྱའོ། །​འདུས་པ་ནི་ལན་སུམ་ཅུ་སྟེ། ཐམས་ཅད་ལ་ཡང་ཐེར་འབུམ་ཐེར་འབུམ་མོ། །​སྐུ་ཚེའི་ཚད་ནི་ལོ་བཞི་ཁྲི་བཞི་སྟོང་ངོ་། །​དམ་པའི་ཆོས་ཀྱང་ལོ་བཞི་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་དཔལ་སྐྱེ་བའི་ཡུལ་ནི་གཟི་བརྗིད་རྒྱལ་པོའི་འོད་ཅེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་སྟོང་གི་འཇིག་རྟེན་གྱི་ཁམས་ཙམ་མོ། །​ཡབ་ནི་བློ་གྲོས་བསོད་ནམས་གསལ་ཞེས་བྱའོ། །​ཡུམ་ནི་ལྟ་མཆོད་ཅེས་བྱའོ། །​སྲས་ནི་གཟི་བརྗིད་མཐའ་ཡས་ལྟ་ཞེས་བྱའོ། །​རིམ་གྲོ་པ་ནི་ཕྱོགས་དང་ཕྱོགས་མཚམས་འཇིག་རྟེན་མཆོད་ཅེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མིའི་ཟླ་བ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་དཔག་ཏུ་མེད་པའི་འོད་ཅེས་བྱའོ། །​འདུས་པ་ནི་ལན་སུམ་ཅུ་རྩ་གསུམ་སྟེ། ཐམས་ཅད་ལ་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཐེར་འབུམ་ཕྲག་ཉི་ཤུ་ཉི་ཤུའོ། །​སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །​ཐམས་ཅད་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། །​དམ་པའི་ཆོས་ནི་ལོ་བྱེ་བའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་དགྲ་ལས་རྒྱལ་བ་སྐྱེ་བའི་ཡུལ་ནི་ཁ་དོག་ཟིལ་གྱིས་མི་ནོན་པ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་དྲུག་སྟོང་དྲུག་བརྒྱའོ། །​ཡབ་ནི་ལེགས་མཐོང་ཟླ་བ་ཞེས་བྱའོ། །​ཡུམ་ནི་དགྲ་བཅོམ་དགའ་མཆོད་ཅེས་བྱའོ། །​སྲས་ནི་ཡེ་ཤེས་མཆོག་རིགས་འཛིན་ཅེས་བྱའོ། །​རིམ་གྲོ་པ་ནི་ལྟ་སེམས་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སེང་གེའི་མཐུ་རྩལ་སེམས་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གྲགས་པ་མཐའ་ཡས་གསལ་ཞེས་བྱའོ། །​བྱང་ཆུབ་སེམས་དཔའ་རྣམས་ཀྱི་འདུས་པ་ནི་གྲངས་མེད་དེ། གང་གི་ཉིན་མོ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་ཉིན་མོ་དེ་ཁོ་ན་ཡོངས་སུ་མྱ་ངན་ལས་འདའ་བར་ཡང་བྱེད་དོ། །​སྐུ་ཚེའི་ཚད་ནི་ལོ་དགུ་ཁྲི་བཞི་སྟོང་ངོ་། །​ཐམས་ཅད་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། དམ་པའི་ཆོས་ནི་ལོ་བདུན་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​མཆོད་རྟེན་ནི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14368#UT22084-045-001-14368