གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ནི་དཔག་ཚད་བཅུ་གསུམ་པ་སྟེ་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་མི་དམའ་བ་སྐྱེ་བའི་ཡུལ་ནི་འཆི་བ་མེད་པ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་ལྔ་སྟོང་ངོ་། །​ཡབ་ནི་དགྲ་འདུལ་ཞེས་བྱའོ། །​ཡུམ་ནི་བཞིན་གསལ་མ་ཞེས་བྱའོ། །​སྲས་ནི་བལྟ་སྡུག་ཅེས་བྱའོ། །​རིམ་གྲོ་པ་ནི་གཟི་བརྗིད་མཐའ་ཡས་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དཔལ་འཛིན་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཆུ་བོ་སྤོང་ཞེས་བྱའོ། །​འདུས་པ་ནི་ལན་སུམ་ཅུ་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་དགུ་བཅུ་རྩ་གཉིས་གཉིས་སོ། །​སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲི་བཞི་སྟོང་ངོ་། །​དམ་པའི་ཆོས་ཀྱང་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་སྐྱེ་བོ་དགའ་བར་མཛད་པ་སྐྱེ་བའི་ཡུལ་ནི་འབྱོར་པའི་མཛོད་ཅེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་བདུན་སྟོང་ངོ་། །​ཡབ་ནི་ཀླུས་བྱིན་ཞེས་བྱའོ། །​ཡུམ་ནི་མཐོང་ལེགས་ཞེས་བྱའོ། །​སྲས་ནི་དྲི་མེད་བློ་ཞེས་བྱའོ། །​རིམ་གྲོ་པ་ནི་མཛེས་གྲུབ་ཅེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་འོད་ཟེར་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རིན་ཆེན་རྣམ་པར་གྲགས་ཞེས་བྱའོ། །​འདུས་པ་ནི་ལན་དགུ་བཅུ་སྟེ། ཐམས་ཅད་ལ་ཡང་ས་ཡ་ཕྲག་བཞི་བཞིའོ། །​སྐུ་ཚེའི་ཚད་ནི་ལོ་བཞི་ཁྲིའོ། །​དམ་པའི་ཆོས་ནི་ལོ་བཞི་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ནི་དཔག་ཚད་བཅུ་གཅིག་པ་སྟེ་གཅིག་ཏུ་ཟད་དོ།​། །​།འཕགས་པ་བསྐལ་པ་བཟང་པོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་ཉི་ཤུ་གཅིག་པ། དེ་བཞིན་གཤེགས་པ་རྨ་བྱའི་ང་རོ་སྐྱེ་བའི་ཡུལ་ནི་སྒྲ་དབྱངས་སྙན་པ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་བཅུ་དྲུག་ཙམ་མོ། །​ཡབ་ནི་བསོད་ནམས་མཐའ་ཡས་འོད་ཅེས་བྱའོ། །​ཡུམ་ནི་བསོད་ནམས་ཀྱི་ཚོགས་ཀྱི་གཟི་བརྗིད་ཅེས་བྱའོ། །​སྲས་ནི་མཐུ་རྩལ་སྤྱོད་པའི་རྒྱལ་པོ་ཞེས་བྱའོ། །​རིམ་གྲོ་པ་ནི་མཆོད་མཐོང་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བཀོད་པ་མཛེས་པར་སྒྲུབ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14365#UT22084-045-001-14365